e-texts navigator
Collection
Volume
Page
Wylie

291a1 བདུན་ནས་ཁྲག་ཟག་ཅིང་། གཡར་ནས་ཚེ་རབས་སྔོན་ཀོ་སྡིག་པའི་བག་ཆགས་ཟབ་པ་དང་། སེར་སྣ་དང་འདོད་ཆགས་ཀྱི་ལས་མ་ཟད་དེ། མ་ཅིག་ཁྱོད་སྔར་ལོང་སྤྱོད་བྱེད་པའི་དུས་སུ། ཁྱིམ་གི་ཕྱི་ནང་དུ་འགྲོ་ན་དང་།
291a2 གི་ཡོལ་བ་དང་། དར་ཚོན་སྣ་ཚོགས་ཀྱི་བརྒྱན་ཏེ་འགྲོ་ན།། ད་ལྟར་ན་རག་འདིར་ཞུགས་ནས་ལོ་གསུམ་ཡང་མ་ལོན་པར། ཕུང་པོར་གྱུར་ནས་ལྷོ་སྟོང་ལོན་པའི་འདྲེ་ལྟོགས་སུ་གྱུརྡ་ན། བདག་ཉིད་རེ་བཞིན་དུ་ཁྱིམ་ན་ཟས་དང་།
291a3 སོམ་མ་ཅིག་ཁྱོད་ལ་བསྔོ་ཞིང་གཏིབས་ན།། དེ་ཡང་མ་ཐོབ་བམ་མི། ད་ལྟ་བཞིན་དུ་གྱུར་དཅེས་སྨྲས་པ་དང་། དེ་ནས་བུས་སྦམ་པའི་ཚིག་དེ་མཉན་པའམ། སུས་ལ་ལུགས་གཟེར་སྟོང་བཏབ་པ་དེ་དྲན་ནས་འདི་སྐད་ཅེས་སྤྲས
291a4 སོ།། མ་བུ་གཉིས་སྐྱེ་ཤི་ལས་བཅད་དེ། ད་ལྟ་བཞིན་དུ་ཕྲད་པར་སུ་ལ་ཆ་ཡོད་དེ།། དམྱལ་ཁམས་ཀྱི་ནང་དུ་ཆང་དང་ཟན་ཡོད་པ་བདག་གིས་མ་མཐོང་ན།། བུ་ཁྱོད་རྟག་པར་ཁྱིམ་དུ་ཟས་སྐོམ་བཏིབས་ན།
291a5 ཕན་པ་ཅི་ཡོད། དེ་ནི་སྲི་ཞུའི་མྱིང་ཙམ་ཡིན་པས། ཆང་དང་ཟན། ནི་གྲངས་མྱེད་པ་ཞག་བཏིབས་ན། ཕན་བསོད་ཅི་ཡང་མྱེད་དོ།། ནུས། ན་མདོ་སྡེ་བྲིས་ཤིང་དགེ་བའི་རྩ་བ་བསྔོ་བར་བྱེད་ན།། ཕན་བསོད
291a6 དེ་ལས་ཆེ་བ་གཞན་མྱེད་དོ།། དེ་ནས་མས་དེ་སྐད་ཅེས་སྤྲས་ཟིན་ནས། མ་རག་བསྲུངས་མའི་སྲིན་པོ་དེ་དག་གིས། འདི་ཁྲིད་ལ་ལྕགས་པ་ཟེར་སྟོང་ལུས་ལ་ཐོབ་ཅིག་སྨྲས་པ་དང་།། ཚི་ག་དེ་མེའུ་འགལ་གི།
291a7 བུས་ཐོས་ནས།། ལུས་བརྡབས་ནས་ལ་མྱིག་ཀུན་ནས་ཁྲག་ཟགས་ཏེ།། འདི་སྐད་ཅེས་སྨྲས་སོ།། ན་རག་གི་བསྲུངས་མ་རྣམས་ལ་བདག་གསོལ་བ་རྣམ་པ་ཅིག་མཆིས་ཏེ།། བདག་གི་ཆོས་གོས་འདི་ཕུལ་ལ། མའི
291a8 ཕྱིར་བདག་སྡུག་བསྔལ་མནོད་དོ་ཅེས་སྨྲས་པ་དང་། དེ་ནས་སྲིན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མཁན་པོ་ལྟ་བུ་སྲི་ཞུ་དང་ལྡན་པ་ནི་འཇིག་རྟེན་ན་དཀོན་ནོ།། མའི་ཕྱི་བཞིན་དུ་སྡུག་བསྔལ་སྦྱངས་ཞེས་བྱ་བ་ནི་དེ་ལྟ
291a9 མ་ཡིན་ནོ།། མཁན་པོ་ལ་སྡིག་པ་ཡོད་ན་མཁན་པོ་ལ་གནོད།། མས་སྡིག་པ་བྱས་ན་མ་ལ་གནོད། ཅིའི་ཕྱིར་མའི་སྡུག་བསྔལ་མཁན་པོ་ལ་གནོད་ཅེས་སྨྲས། གལ་ཏེ་སྡིག་པའི་ལས་འདི་བསྒྱུར་ཏུ་བཏུབ་པ་ཅིག་ཡིན་ན།།




iiif viewer powered by OpenSeadragon

290b - 291b

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo