| e-texts navigator |
| Wylie |
281b1 མཐའ་མྱེད་རྣམ་པ་ལྔའི་ས་བརྒྱན་པའི་སྤྲིན་ན་བཞུགས་དེ་ནས་ལ་ཕོག་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བདག་ནི་གང་ཟག་འདོད་པ་རྣམ་པ་ལྔས་བསྒྲིབས་ཏེ།། འདོད་ཆགས་ཞེ་སྡང་གཏི་མུཀ
281b2 གསུམ་ནི་བདག་གིས་ཡ་སྤངས་ཏེ། སྡུག་བསྔལ་རྒྱ་མཚོ་དག་ཏུ་ཟས་ཅིང་སྐྱེ་ཤིའི་ལུས་བླངས་ཏེ། ཕུང་པོ་འདི་ལ་འགྱོད་པ་ལས་ལྕི་བས། ཕ་མ་གཉིས་ནི་བདག་གིས་ས་འོག་སྦས།། བཅོམ་ལྡན་འདས་བདག་ལ
281b3 ཤུགས་རྗེས་དགོངས་ཏེ་འདྲེན་པར་སྨོན་བདག་གིས་དེ་བཞིན་གཤེགས་པའི་དྲིན་བསམས་ལ་ལམ་བསྒྲུབ་བོ།། ཞེས་ག་སོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ལ་པོ་ཀ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
281b4 ཁྱོད་པ་མ་མཐོང་བར་འདོད་ན། རབ་ཏུ་བྱུང་དང་རིག་པར་འོང་ཞེས་བཀའ་སྩལ་པ་དང་། དེ་ནས་ལ་ལོག་ཀྱིས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བར་གསོལ་ད་ལོ།། བཅོམ་ལྡན་འདས་ཀྱིས་དཀའ་བོ་ལ་བོས
281b5 ནས་འདི་སྐྲ་བྲེགས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་ཀུན་དག། འཕོས་ཀྱང་ཆོས་བཞིན་དུ་སྐྲ་བྲེགས་ནས་ཆོས་གོས་བསྐོན་ནོ།། བཅོམ་ལྡན་འདས་ཅི་རིགས་པར་བདེན་པ་བཞིན་ཆོས་བསྟནད་ནས
281b6 དགྲ་བཅོམ་པའི་འབྲས་བུ་ཐོབ་པོ།། དེ་ནས་མཚན་ཡང་ལེའུ་འགལ་ཀི་བུ་ཆེན་པོ་རྫུ་འཕྲུལ་ཀི་མཆོག་ཅེས་བཏགས་སོ།། དེ་ནས་མེའུ་འམ། ལ་ཀི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག
281b7 ཀི་པ་དང་མ་ཆེའི་དུས་བྱས་ནས་གར་ཐལ་གཏོལ་མ་མཆིས་ན། བཅོམ་ལྡན་འདས་བདག་ལ་ཞུགས་རྗེས་དགོངས་དང་། བདག་ཀི་པ་དང་མ་ཀར་མཆིས་པ་བདག་གིས་ཟོས་ཤིཔ་མཐོང་བར་མཆིའམ་ཞེས་གསོལང་པ་དང་།
281b8 དེ་ནས་བཅོམ་ལྡན་འདས་ཀྱིས་མེའུ་འགལ་གི་བུལ་འདི་སྐད་ཅེས་བཀའ་སྩལ་བ་ཏོ།། ཁྱོད་སོང་ལ་བྱ་རྐང་གི་རི་བྲསམ་གཏན་སྙོམས་ལ་མཉམ་པའི་ནང་ན་རྟོགས་དང་། ཁྱོད་ཀྱི་ཕ་མ་མཐོ་རིས་སམ། དམྱལ་ལེས
281b9 སམ། གལ་ཏེ་འཇིག་རྟེན་དུ་འདུག་ན་ཡང་། རྟོགས་པར་རུང་ངོ་ཞེས་བཀའ་སྩལ་པ་དང་། དེ་ནས་མེའུ་འགལ་ཀི་ཁྲུས་སངས་རྒྱས་ཀྱི་བཀའ་བཞིན་དུ། བྱ་རྐང་གི་རིལ་ཕྱི་ནད་ནས། དབེན་གནས་གཅིག་ཏུ་བསྐྱིལ