e-texts navigator
Collection
Volume
Page
Wylie

281a1 དེ་ནས་ཕྱི་རོལ་ཏུ་བྱུང་བའི་ཕྱི་ནས།། མས་ནོར་རྔས་བཤིག་སྟེ། འདྲེ་གདོན་ལ་མཆོད་ནས། དགེ་འདུན་ལ་རྡེག་ཅིང་སྤྱོ།། དབུལ་པོ་རྣམས་བཅུ་ཞིང་ཕྲོགས་ནས། མྱི་དགེའ་བའི་ལས་ནམ
281a2 པ་བཅུ་རྫོགས་པར་སྤྱད་དེ། དུས་གཞན་ཞིག་ན་མ་ནད་ཀྱིས་བཏབ་སྟེ། གཏན་ཏུ་ཉལ་བ་བུས་མཐོང་ངོ་།། དེ་ནས་བུས་དཀུང་ཞག་བརྒྱའི་བར་དུ། ལུས་དང་ཀོ་ས་མ་བྲལ་བར་མའི་སྨན་སྨད་བྱས་ན་ཡ་པ།
281a3 མ་ཕྱི་ཕྱིར་ངན་པར་སོང་ནས་ཚེའི་དུས་བྱས་སོ།། དེ་ནས་བུས་མ་ཚེའི་དུས་བྱས་པ་མཐོང་ནས། དཔེར་ན་རི་ནི་རིབ་མཚོ་ནི་བསྐམས་པ་བཞིན་དུ་གྱུར་ཏེ། ལོ་གསུམ་གི་བར་སྲིའུ་རིམས་བཞིན་དུ་བྱས་ནས། ཡིད
281a4 ལ་འདི་ལྟར་བསམས་སོ།། ཤིན་ཏུ་གདུང་བའི་ཕ་མ་དཀ་ལས་བཙས་ཏེ། བདག་ཀིས་ཕ་མ་གཉིས་ལ་སྲི་ཞུ་བྱ་བར་བསམས་ན། བདཀ་ཀ་ཡར་རྗེ་ཆུང་སྟེ། ཕ་དང་མ་མྱི་རྟག་པར་གྱུར་ད།། ད་བདག
281a5 རབ་ཏུ་བྱུང་ལ་དེ་བཞིན་གཤེགས་པོའི་ཟད་དུ་སོང་སྟེ།། ཕ་དང་མ་ཀང་དུ་ཐལ་བ་ཞུ་བོ་སྙམ་དུ་འདུ་ཤེས་སྐྱེས་སོ། ལ་ཕོག་ཕ་མ། གཉིས་འདས་ནས་ལོ་གསུམ་གི་བར་དུ་མདུན་ཚང་བར་བསྲུངས་ཏེ།
281a6 རོལ་མོ་ཡང་ཉན་པར་མྱི་སྤྲོ་ཞིང་། བཀྲཀ་མདངས་ཀྱང་ཤིན་ད་ཏུ་ངན་པར་གྱུ་རད་ཏེ་ཟས་ཀྱང་བཀག་ནས་རུས་པ་དང་། རྒྱུས་པས་འབྲེལ་ད་པ་ཙམ་དུ་ཀྲམ་མོ།། དེ་བཞིན་གཤེགས་པ་ཤ་བཀྲའི་རི་རོ་ལ་བཞུས
281a7 ན། ལྷ་དང་མྱི་རྣམས་ཐམས་ཅད་དེར་མཆིས་ཏེ། བདག་ཀྱང་དེར་མཆིས་ལ། དེ་བཞིན་གཤེགས་པ་ལ་ལམ་སློབ་སྟེ། ཕ་མ་གཉིས་ལ་དྲིན་བསལ་བར་བསམས་ནས།། དེ་བཞིན་གཤེགས་པ་མཐོང་ནས།། རིང
281a8 པར་དེ་བཞིན་གཤེགས་པའི་ཟད་དུ་སོང་སྟེ། སྤོས་བརྩེགས་ལ་ཞབས་སྤྱི་བོས་ཕྱག་འཚལ་བ་དང་། བཅོམ་ལྡན་འདས་ཀྱི་གཡས་གཡོན་དུ་ཚངས་པ་དང་བརྒྱ་བྱིན་ལ་བདུད་རྣམས་ཀྱིས་བསྐོར།། ཤར་ཆུབ་དུ་སྡེ་དཔོན
281a9 ཆེན་པོ་རྣམས་ནི་མེ་ཏོག་གཏོར། ཕོ་བྲང་དབུས་ནི་ཡི་གེ་ཁྲིའི་རིན་ཅེན་མཚན་མངའ་སྟེ། འཕྲལ་བའི་དབུས་མ་འོད་འཕྲོ་ཟླ་བ་ཀང་བ་རིན་ཅེན་བཞིན།། རིན་ཅེན་འདབ་མ་སྟོང་གི་སྟེང་ན་བཞུགས།། སྤྲུལ་པ་ནམ་ལལ




iiif viewer powered by OpenSeadragon

280b - 281b

Texts on this page

Ng22.43 - 'phags pa me'u dgal gyi bu chen po ma dmyal khams nas drangs pa'i mdo