| e-texts navigator |
| Wylie |
26b1 མངོན་པར་དཀའ་བ་ཀང་ཡིན་པ་དེ་ནི། ཆེ་འཕོས་ནས་གྲང་བས་ཉེ་རང་བའི་སྲིན་བུ་རག་ཏུ་སྐྱེ་བར་འགྱུར་རོ།། ཚེ་འདིས་མཆོད་སྟོན་དཀྱིབས་ལྷག་མ་ཟེར་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་གཞི་རབ་ཏུ་ཞབའི་སེམས་ཅན
26b2 བར་ལྟུང་བར་འགྱུར་ཏེ། བརྒྱལ་བརྒྱ་ལམ་ན་མྱིར་སྐྱེས་པར་གྱུར་ན་ཡང་། ལྐོག་མ་ནད་ཀྱིས་བཏབ་པ་དང་རྗེ་ཐུང་བར་འགྱུར་རོ།། ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱེད་ན། འགོ་བོ་ས་ཡ་མྱི་གཏུགས་པ
26b3 གང་ཡིན་པ་དེ་ནི། ཤི་འཕོས་ནས་མགོ་མཐུར་དུ་དཔྱང་བའི་སེམས་ཅན་དམྱལ་བར་ལུང་བར་འགྱུར་ཏེ། བརྒྱ་ལ་བརྒྱ་ལམ་ན་མྱིའི་ནང་དུ་སྐྱེ་བར་གྱུར་ང་ན་ཡང་། གཞན་དག་གིས་མང་དུ་སླུ་བར་འགྱུར་རོ།། ཚེ་འདི་ལ་དེ་བཞིན
26b4 གཤེགས་པོའི་སྐུ་གཟུགས་ལ་ཕྱག་བྱེད་པ་ན། ཐལ་མོ་མྱི་སྦྱོར་བ.རཕྱག་བྱེད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཡུལ་མཐའ་ཁོ་བ་ད། ཏུ་སྐྱེ་བར་འགྱུར་ཞིང་འབར་པ་མང་པོ་སུལ་ཡང་འཐོབ་པར་མྱི་འགྱུར་རོ།།
26b5 ཚེ་འདི་ལ་དྲིལ་ཆེན་གི་སྒྲ་ཐོས་ཀྱང་མྱི་ལྡང་བ་ཀང་ཡིན་པ་དེ་ན། ཤ~ཾ། འཕོས་ནས་སྦྲུལ་ལུས་ཆེན་པོ་དག་ཏུ་ལྟུང་བར་འགྱུར་ཞིང་། ལུས། ཚི་ལ་རིས་པས་སྲོག་ཆགས་ཕྲ་མོ་མང་པོ་དག་གིས་བཟའ་བར་འགྱུརརོ།།
26b6 ཚེ་འདི་ལ་ལག་པ་རྒྱབ་ཏུ་བསྟནད་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཕྱིར་ཀ་ལོག་ཏུ་བཅིངས་པོའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། གལ་ཏེ་མྱིར་སྐྱེས་པར་གྱུར་ད་ན་ཡང
26b7 ཉེས་པ་མྱེད་པར་གྱོད་འབྱུང་བར་འགྱུར་རོ།། ཚེ་འདི་ལ་ཐལ་མོ་སྦྱར་ནས་ཡན་ལག་ལྔས་ས་ལ་གཏུགས་ཏེ་ཕྱག་བྱས་པ་གང་ཡིན་པ་དེ་ནི། རྟག་པར་ཆོ་རིགས་བཙུན་པར་འགྱུར་ཞིང་རྒྱུ་ནང་ཏུ་བདེ་བ་མྱོང་བར་འགྱུར་རོ།།
26b8 ཚེ་འདི་ལ་ཁྲོ་སྐྱེན་ལྟོ་ལ་འཁོར་བ་གང་ཡིན་པ་དེ་ནི། སྔོན་སྨྱོན་པ་བྱས་པ་ལས་འོངས་པ་ཡིན་ནོ།། ཚེ་འདི་ལ་མྱིག་ཡ་ཡོར་གྱུརྡ་པ་གང་ཡིན་པ་དེ་ནི། སྔོན་ལོག་པའི་སེམས་ཀྱིས་གཞན་གི་ཆུང་མ་ལ་བལྟས་པ་ལས
26b9 གྱུརྡ་པ་ཡིན་ནོ།། ཚེ་འདི་ལ་ཆུང་མའི་ནོན་བྱས་ནས་པ་མ་ལ་སྤྲོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་ཟོང་གཤོལ་གིས་རྨོས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆང་གི་ནང་དུ་བསྨན་བུད