| e-texts navigator |
| Wylie |
26a1 མ་དག་ཏུ་འགྱུར་རོ།། ཕྱིར་མུརང་ཀྱང་ཁོང་ཁྲོ་བ་དག་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། གི་འཕོས་ནས་སྦྲུལ་གདུག་པ་དང་། སྟག་དང་། སེང་གེ་དང་། སྤྱད་ཀྱི་དང་། རོམ་དང་། དྲེད་དང་། བྱི་ལ་དང་། བྱ་ཝའི་ནེ
26a2 བ་དག་ཏུ་སྐྱེ་བར་འགྱུར་རོ།། བརྒྱལ་བརྒྱ་ལམ་ན་མྱིའི་ལུས་ཐོབ་པར་གྱུར་ངན་ཡང་། ཁྱིམ་བྱ་དང་། ཕག་གསོལ་བ་དང་། ཤེན་པ་དང་། རྔོན་བྱེད་པ་དང་། བྱ་ཤོར་བ་དང་། བཙོན་བསྲུངས་བྱེད་པ་ལ་མངོན་པར་དགའ་བར་འགྱུར་རོ།།
26a3 མྱིར་གྱུར་ཀྱང་གླེན་ཞིང་གཏི་མུག་པ་དང་། རིགས་པའི་ཚུལ་ཀང་ཡིན་པ་མྱི་ཤེས་པ་དེ་ནི། ཤི་འཕོས་ནས་གླང་པོ་ཆེ་དང་། ཕག་དང་། བ་ལང་དང་ཆུ་ཀླང་དང་། སྲོ་ཤིག་དང་། སྦྲང་མ་དང་། སྦྲང་བུ་དང་། རི་དགས་དང་། གྲོག་མོ་ལ
26a4 སྩོགས་པའི་ལུས་ལེནད་པར་འགྱུར་རོ།། གལ་ཏེ་མྱི་ལུས་ཐོབ་པར་གྱུར་དྲ་ན་ཡང་འོན་པ་དང་། ལོང་བ་དང་། རྨུགས་པ་དང་། སུས་ཀྱི་ཡན་ལག་མ་ཚང་བ་དང་། རྒྱབ་སྐུར་བ་དང་། དབང་པོ་མ་ཚང་བ་དག་ཏུ་འགྱུར་རོ།། མྱིན
26a5 གྱུརྡ་ཀྱང་ཁྱེངས་ཤིང་ང་རྒྱལ་ཆེ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས། མྱི་གཙང་བའི་གནས་ཀྱི་སྲིན་བུ་དང་། རྔ་མོ་དང་། བོང་བུ་དང་། རྟ་དང་། ཁྱི་དག་ཏུ་སྐྱེ་བར་འགྱུར་ཏེ། གལ་ཏེ་མྱིར་སྐྱེས་ན་ཡང་བྲན་དང
26a6 བྲན་མོའི་ལུས་ལེནད་ཅིང་། དབུལ་འཕོངས་པས་སློངས་མོ་བྱེད་པ་ད་པ། མང་པོ་ཀུན་གིས་བརྙས་ཤིང་སྨད་པ་དག་ཏུ་ལྟུང་བར་འགྱུར། རོ།། མྱིར་གྱུར་ད་ཀྱང་བླ་མའི་མཐུའ་བརྙེས་པའི་རྒྱུས་གཞན་གི
26a7 ནོར་ལེནད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤ་རི་ལིལ་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཞིང་། སྐྱེ་བོ་བརྒྱ་སྟོང་མང་པོས་ལུས་ཀྱིག་བཅད་ནས་ཟ་བར་འགྱུར་རོ།། ཚེ་འདི་ལ་གཞན་དག་འགྲེང་དུ་གཞུག
26a8 པ་ལ་མངོན་པ་དཀའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་གླང་པོ་ཆེ་དག་ཏུ་སྐྱེ་ཞིང་ཀ་ལག་དྲང་བས་ཉལ་དུ་མྱེད་པ་དག་ཏུ་ལྟུང་བར་འགྱུར་རོ།། ཚེ་འདི་ལ་མཆོད་སྟོན་དྲལ་ནས་ནུབ་མོ་ཟན་ཟོས་པ་གང་ཡིན་པ་དེ་ནི། ཤི་འགྲོ།
26a9 ནས་ཡི་དག་སུ་འདྲེན་བཀྲེན་དག་ཏུ་སྲུང་བས། ལོ་བརྒྱ་གོང་ཡང་པོས་ཡང་བབའ་བ་དང་འདུང་བ་འཐོབ་པར་མྱི་འགྱུར་རོ།། འགྲོ་བའི་མི་མུ་རིགས་ཀུན་ཏུ་མེ་རབ་ཏུ་འབར་བར་འགྱུར་རོ།། མེ་འདིས་སྒྲེན་མོར་འདུག་པ་ས