e-texts navigator
Collection
Volume
Page
Wylie

25b1 ཞེ་སྡང་མང་བ་གང་ཡིན་པ་དེ་ནི། སྔོན་གྱི་བྱས་པ་ལས་འོངས་པ་ཡིན་ནོ།། མྱིར་གྱུར་ཀྱང་གཡེམ་པ་ལ་དགའ་ཞིང་སྐྱེ་བོ་མང་པོའི་ཡིན་དུ་འོང་བའི་གཏམ་བརྗོད་པ་ལ་མངོན་པར་དཀའ་བ་གང་ཡིན་པ་དེ་ནི། སྔོན་ནེ་ཙོ་བྱས་པ
25b2 ལས་འོངས་པ་ཡིན་ནོ།། མྱིར་གྱུར་ཀྱང་ལུས་ཀྱི་བོང་ཆུང་གཡེམ་པ་ལ་དགའ་བ་དང་། སེམས་རྩེ་གཅིག་ཏུ་མྱི་གནས་པ་དང་། གཟུགས་མཐོང་མ་ཐག་ཏུ་མངོན་པར་ཞེ་ནད་པའི་སེམས་འབྱུང་བ་གང་ཡིན་པ་དེ་ནི། སྔོན
25b3 བྱེའུ་མཆིསད་པ་བྱས་པ་ལས་འོངས་པ་ཡིན་ནོ།། མྱིར་གྱུརྡ་ཀྱི་མྱིག་དམར་ཞིང་སོ་ཟུང་བ་དང་སྨྲ་བའི་ཚེ་ལྦུ་བ་འབྱུང་ཞིང་ཉལ་ན་ཀོས་གིས་ལུས་དཀྲིས་པར་བྱེད་པ་གང་ཡིན་པ་དེ་ནི། སྔོན་སྦྲུལ་དང་མངས་པ་བྱས་པ
25b4 ལས་འོངས་པ་ཡིན་ནོ།། མྱིར་གྱུར་ད་ཀྱང་སྨྲས་མ་ཐག་ཏུ་ཁོང་ཁྲོ་ཞིང་ཕ་རོལ་ཀྱི་དོན་ལ་སོ་སོར་མྱི་རྟོག་པར་དག་གི་གདུག་པ་ཆེན་པོ་འབྱིནད་པ་གང་ཡིན་པ་དེ་ནི། སྔོན་སྡིག་པ་བྱས་པ་ལས
25b5 འོངས་པ་ཡིན་ནོ། མྱིར་གྱུར་ཀྱང་གཅིག་ཏུ་དབེན་པར་གནས་ཤིང་།། ཟས་ལ་རྐམ་པ་དང་། མཚན་མོ་གཉིད་ཆུང་བ་གང་ཡིན་པ་དེ།། ནི། སྔོན་གྱི་ལ་བྱས་པ་ལས་འོངས་པ་ཡིན་ནོ།། མྱིར་གྱུར་ད་ཀྱང
25b6 རྩིག་པ་ཕུག་པ་ནས་རྐུན་མོ་བྱེད་པ་དང་། ནོར་ལ་བརྐམ་ཞིང་ཁོ་ན་འབྱུང་སྲ་བ་དང་། ཉེ་རིང་གི་མཚན་མ་མྱེད་པ་གང་ཡིན་པ་དེ་ནི། སྔོན་གྱི་པ~ཾ་བྱས་པ་ལས་འོངས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བ
25b7 སྤྲུས་ད་པ། ཕྱིར་མུར་ཀྱང་མཆོད་རྟེན་དང་། གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག་གསུམ་གི་དཀོར་སྦས་ནས། བདག་ཉིད་ཀྱིས་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན
25b8 པོ་མནར་མྱེད་པར་ལྟུང་བར་འགྱུར་རོ།། སེམས་ཅན་དམྱལ་བ་ལས་ཐ་རད་པར་གྱུར་ད་ན་ཡང་། དུད་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ། ཕུག་རོན་དང་། མཆིལ་པ་དང་། ངུར་པ་དང་། ནེ་ཙོ་དང་། བྱེའུ་སྔོན་པོ་དང་།
25b9 ཉ་དང་། རུས་སྦལ་དང་། སྤྲེའུ་དང་། རི་དགས་ཀྱི་ལུས་ལེ་ནད་པར་འགྱུར་རོ།། བརྒྱ་ལ་བརྒྱ་ལམ་ན་མྱིའི་ལུས་ཐོབ་པར་གྱུར་ནས་ཡང་མ་ནི་དང་བུད་མྱེད་དང་། མཚན་གཉིས་པ་དང་། དབང་པོ་མྱེད་པ་དང་། སྨད་འཚོ




iiif viewer powered by OpenSeadragon

25a - 26a

Texts on this page

Ng22.2 - 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo