e-texts navigator
Collection
Volume
Page
Wylie

259b1 ཀྱིས་བཀའ་སྩལ་པ། དེ་བཞིན་ཀ་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཁམས་གསུམ་པ་ཀང་དག་ཡིན་པའི་འཇིག་རྟེན་ཀང་བར་འགྱུར་ལ། རིགས་ཀྱི་བུ་འམ། རིགས་ཀྱི་མོ་དད་པ།
259b2 ཅན་ལ་ལས་ལོ་བརྒྱར་འདི་ལྟ་སྟེ། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་ན། དག་པོ་དེ་ནི་བྱུང་བར་ངེས་པར་འབྱུང་བའི་སེམས་ཀྱི་བཅུ
259b3 ཆུག་གི་ཆར་ཡང་མྱི་ཕོད་དོ།། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང།། དལ་བ་ཤིན་ཏུ་རྙེད་དཀའ་སྟེ།། དཀའ་བོ་སྟོནད་པ་མངོན་གྱུར་པ།། པལ་མྱི་མཉེས་མ་བྱེད་ཅིག།། དགའ་བོ་དཔེར་ན། ས་ཆེན་པོ་འདི་ཆུ་གཅིག་བུར་སྐྱ་མཚོས
259b4 གྱུར་དེ་ལ་དེ་ན་རུས། ཞར་བ་ཅིག་ཀྱང་ཡོད།། དེ་ན་ཀ་ཉའ་ཤིང་ཀི་བུ་ངཀ་གཅིག་པ་གཅིག་ཀྱང་སྦྲུལ། རུ་སྦལ་ཞར་བ་དེ་འདི་སྐད་དུ། ཀཉའ་ཤིང་ཀི་བུ་ཀ་དེར་མགྲིན་པ་གཅིག་པར་བྱའོ་སྙམ་དུ་སེམས་སྐྱེ་ཞིང་།
259b5 ཀཉའ་ཤིང་བུ་ཀ་ཅན་དེ་ཡང་རླུང་གིས་བསྐྱོད་ནས། ཕྱོགས་ཁྱོགས་སུ་རྒྱུག་པར་བྱེད་པ་ན། དགའ་བོ་བརྒྱ་ལ་རྐྱེན་ཞིག་ཀིས་རུ་སྦལ། ཞ་རད་པ་དེའི་མགྲིན་པ་གཉའ་ཤིང་ཀཽ་བུ་ཀ་དེར་འཇུག་པར་འགྱུར་རོ།
259b6 དཔའ་བོ་ཉིད་ཐོབ་པ་ནི་མ་ཡིན་ནོ།། དལ་བ་བུན་གསུམ་ཚོགས་པ་དེ་བཞིན་ནོ།། དཀའ་བོ་ཁྱོད་ཀྱིས་མྱི་ཉིད་ཤིན་དུ་རྙེད་པར་དཀའ་བ་དང་།། དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན།
259b7 དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་བ་ཤིན་ཏུ་རྙེད་ཀ་རྙེད།། དཀའ་བོ་སྟོནད་པ་མངོན་གྱུར་པ།། པལ་མྱི་མཉེས་མ་བྱེད་ཅིག། དཔེར་ན་འགའ་ཞིག་གིས་ཁབ་ཀྱི་དམྱིག་གནམ་དུ་བསྟན་ཏེ།། ཉུངས་ཀར་ཀི་འབྲུ
259b8 ནམས་འཐོར་བར་བྱེད།། དགའ་བོ་བརྒྱལ་རྐྱེན་ཞིག་དེར་ཉུངས་ཀར་གྱི་འབྲུ་གང་ཡིན་པ་གཅིག་ཆུད་པར་འགྱུར་ཀི།། དགའ་བོ་མྱི་ཉིད་རྙེད་པ་ནི་མ་ཡིན་ནོ།། དལ་བ་ཕུན་གསུམ་ཚོགས་པ་ཡང་དེ་བཞིན་ནོ།། དཀའ་བོ་མྱི
259b9 ཉིད་ཤིན་ཏུ་རྙེད་པར་དགའ་བ་དང་།། དེ་བཞིན་དུ་དལ་བ་ཕུན་གསུམ་ཚོགས་པ་ཡང་རྙེད་ན།། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་བ་ཤིན་ཏུ་རྙེད་ཀ་རྙེད།། དགའ་བོ་སྟོན་པ་མངོན་གྱུར་པ།། རལ་མྱི་མཉེས་མ་བྱེད་ཅིག




iiif viewer powered by OpenSeadragon

259a - 260a

Texts on this page

Ng22.40 - dga' bo rab tu byung ba'i mdo