e-texts navigator
Collection
Volume
Page
Wylie

259a1 པ་རྣམས་ཀྱི་སྐྱོབ་པ་ཡིན་ནོ།། འཇིགས་པས་འབྲེལྡ་པ་རྣམས་ཀྱི་མྱི་འཇིགས་པར་བྱེད་པ་ཡིན་ནོ།། སྐྱབས་མྱེད་པ་རྣམས་ཀྱི་སྐྱབས་ཡིན་ནོ།། སྡུག་བསྔལ་རྣམས་ཀྱི་བདེ་བའི་ཡོ་བྱད་ཡིན་ནོ།།
259a2 འཁོར་བའི་བཅིང་བས་བཅིངས་པ་རྣམས་འཀྲོལ་བར་བྱེད་པ་ཡིན་ཏེ།། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། ལྷ་དང་མྱི་རྣམས་ཀྱིས་བཀུར་སྟི་བྱས་པ་ཡིན་ནོ། མྱིའི་དབང་པོ་རྣམས་ཀྱིས་མཆོད་པ་ཡིན་ནོ།། སངས་རྒྱས་ཐམས
259a3 ཅད་ཀྱི་དགོངས་པ་ཡིན་ནོ།། ཁྱིམ་གི་ཀནས་ཡོངས་སུ་གཏོང་བ་ཡིན་ནོ།། མྱ་ངན་ལས་འདས་པའི་ལམ་འདྲེན་པ་ཡིན་ནོ།། སྐྲའི་ཞུར་འདྲེག་པ་ཡིན་ནོ།། ཀོས་དུར་སྨྲིག་ནི་འདོད་ཆགས་དང་བྲལ་བའི་རྟགས་ཡིན་ནོ།། རིགས
259a4 པ་ལ་བརྩོན་པ་བརྩོན་འགྲུས་ཀྱི་ཞིང་ཡིན་ནོ།། འདི་ནི་དྲང་སྲོང་རྣམས་ཀྱི་རྒྱལ་མཚན་ཡིན་ནོ།། བདུད་སྡིག་ཏོ་ཅན་རྣམས་ཀྱི་དྲེགས་པ་འཇོམས་པ་ཡིན་ནོ།། ལྷ་དང་མྱི་རྣམས་རབ་ཏུ་དཀའ་བར་བྱེད་པ་ཡིན་ཏེ།། དཀའ་བོ་རབ
259a5 ཏུ་བྱུང་བ་ནི་དེ་ལྟ་བུ་ཡིན་ན། ཅིའི་ཕྱིར་རབ་ཏུ་མྱི་འབྱུང་།། དགའ་བོརབ་ཏུ་བྱུང་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བདེ་བ་བས་ཀྱང་ཆེས་ཁྱད་དུ་འཕགས་པར་བདེ་བ་ཡིན་ན།། དགའ་བོ་གཞན་ཡང་དལ་བ་ཚོགས
259a6 པ་ནི་བསྐལྡ་པ་བྱེ་བ་བརྒྱ་ཡང་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། སངས་རྒྱས་འབྱུང་བ་ནི་དེ་བས་ཀྱང་ཆེས་རྙེད་པ་དཀའ་བ་ཡིན་ནོ།། དགའ་བོ་ཐ་རད་པ་འདོད་པ་རྒྱལ་པོའི་དྲང་སྲོང་རྣམས་དང་།། གཞན
259a7 ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་སྣ་བདུན་དང་ལྡན་པ་རྣམས་ཀྱང་།། བཙུན་མོའི་འཁོར་དང་བཅས་ཏེ་ས་བོར་ནས་རབ་ཏུ་བྱུང་ངོ་།། དེ་བཞིན་དུ་ཁྱིམ་བདག་དང་། བྲམ་ཟེའི་ཚོགས་གཞན་རྣམས་ཀྱང་ཁྱིམ་རྣམས་བོར
259a8 ནམ་རབ་ཏུ་བྱུང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་ལདག་ནི་ཁྱིམ་པར་མཆིས་ལ། སྦྱིན་པ་དག་ཡུལྡ། བསོད་ནམས་དག་བགྱི་ཞིང་། བཅོམ་ལྡན
259a9 འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་བསྙེན་བཀུར་ཞིང་། ཆོས་ཀོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་ཀི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱང་བསྒྲུབ་པར་བགྱིའོ།། བཅོམ་ལྡན་འདས




iiif viewer powered by OpenSeadragon

258b - 259b

Texts on this page

Ng22.40 - dga' bo rab tu byung ba'i mdo