e-texts navigator
Collection
Volume
Page
Wylie

258a1 འཐབ་པ་དང་། འཐབ་མོ་དང་། འཚང་འབྲུ་བ་དང་། ཅོད་པ་དང་། འགྱེད་པ་དང་། སྤུ་དང་། ཀ་ཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ།། ལོ་ཏོག་ཐམས་ཅད་ཀྱི་ས་གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱི།
258a2 གཞི་ཡིན་ནོ།། རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ།། བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གི་ནོར་བུ་ཡིན་ནོ།། ཡོན་ཏན་ཐམས་ཅད་གི་ཀོ་འཕང་གི་གནས་ཡིན་ནོ།། སེམས་ཅན་ཐམས་ཅད་དབུགས་འབྱིན་པ་ཡིན་ནོ།། འབྱུང
258a3 པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ།། སྲོག་ཆགས་ཐམས་ཅད་ལ་མྱི་འཇིགས་པ་སྦྱིན་པ་ཡིན་ནོ།། སེམས་ཅན་དབུལ་པོ་ཐམས་ཅད་ཀྱི་བུམ་པ་ཡིན་ནོ།། སྐྱབས་མྱེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ།། ཀུན་ཏུ་ཚོལ་བས
258a4 འཕོངས་པ་དང་། སྡུག་བསྔལ་གྱིས་ཉམས་ཟཀ་པ་རྣམས་ཀྱི་སྟི་ང་ས་ཡིན་ནོ།། སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པ་ཡིན་ནོ།། སེམ་ས་ཅན་ཐམས་ཅད་ཀྱི་མཆོད་པར་བྱ་བ་ཡིན་ནོ།། མཁས་པ་རྣམས་ཀྱིས
258a5 བསྔགས་པ་ཡིན་ནོ།། ཐར་པར་འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ།། སེམས་ཅན་དག་པ་རྣམས་ཀྱི་བསྙེན་པར་བྱ་བ་ཡིན་ནོ།། སྣོད་དུ་གྱུརྡ་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ།། ངན་སོང་གི་སྒོ་གཅོད
258a6 པ་ཡིན་ནོ།། མཐོ་རིས་དང་ཐ་རུད་པའི་སྒོ་འབྱེད་པ་ཡིན་ནོ།། ལྷའི་ལ་གྲོ་བ་རྣམས་ཀུན་ཏུ་འགེངས་པ་ཡིན་ནོ།། སྡུག་བསྔལ་ཐམས་ཅད་ཀུན་ཏུ་གཅོད་པ་ཡིན་ནོ།། སྲེད་པའི་བཅིང་པས་བཅིངས་པ་རྣམས
258a7 རྣམ་པར་གྲོལ་བར་བྱེད་པ་ཡིན་ཏེ།། དཀའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། ཡང་དག་པའི་ལྟ་བའི་ཁྱིམ་ཡིན་ནོ།། ཐ་རད་པའི་ཡང་དག་པའི་སྡོམ་པ་ཡིན་ནོ།། མྱ་ངན་ལས་འདས་པ་ལ་བསྙེན་པ་ཡིན་ནོ།། རྒྱུན་ཉེ་བར་གཅོད
258a8 པ་ཡིན་ནོ།། ཉོན་མོངས་པ་རྣམས་བསྲེག་པ་ཡིན་ནོ།། ཕྲ་རྒྱས་རྣམས་འབྱིནད་པ་ཡིན་ནོ།། ལྟ་བ་ངན་པའི་དྲ་བ་རྣམས་འཇིག་པར་བྱེད་པ་ཡིན་ནོ།། བདུད་ཀྱི་རྒྱལ་མཚན་སྙོལ་བ་ཡིན་ནོ།། བཟོད་པ་སྨྲ་བ་སྒྲེང་བ་ཡིན་ནོ།།
258a9 འཁོར་བའི་འཁོར་ལོ་ལྡོག་པར་བྱེད་པ་ཡིན་ནོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ་ཡིན་ནོ།། ནུ་ཞོའི་རྒྱ་མཚོ་སྐྱེམས་པ་ཡིན་ནོ།། རུས་པའི་རི་འཇིག་པར་བྱེད་པ་ཡིན་ནོ།། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་མཐའ་ཡིན




iiif viewer powered by OpenSeadragon

257b - 258b

Texts on this page

Ng22.40 - dga' bo rab tu byung ba'i mdo