| e-texts navigator |
| Wylie |
24b1 དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ས་བོན་མོ་བྱས་ནས་མྱིག་བཙུགས་ཏེ། ས་ལ་ཉལ་ནས་གཞན་དག་ལ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་དྲན་པ་མ་ཡིན་པ་དེ་ནི། འདྲེ་ཀ་དོན་དག་གི་ཚིག་ལེནད་པ་གང་ཡིན་པ་དེ་ནི་ཤི
24b2 འཕོས་ནས་རྐེད་པ་གཏུབས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བོན་མོ་བྱས་ནས་གཞན་དག་གི་སྲོག་བཅད་དེ་ལྟ་འདྲེ་དང་ལམ་ལྔའི་སའི་བདག་པོ་དང་། སྲིན་མོ་ལས་པ་ལ་མཆོད་ཏུ་བཅུག་པ་གང་ཡིན་པ་འདི
24b3 བུ་ལ་སོགས་པ་ཐམས་ཅད་ནི། སྐྱེས་བུ་བླུན་པོ་རྣམས་འདྲིད་བ་ཡིན་པས། ཤི་འཕོས་ནས་སྟ་རིས་གཅོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས། སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་ཡམ་ལག་བཅད་ཅིང་གཏུབ
24b4 དང་། བྱ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མྱིག་གི་འབྲས་བུ་གཉིས་ལ་བཏོ་གས་པར་འགྱུར་རོ།། ཚེ་འདི་ལ་བོན་མོ་བྱས་ནས་ཀྱི་རེ་རྣམས་སྦེད་པ་དང་། ཁང་ཁྱིམ་རྣམས་ཀྱི་བཟང་ངན་དང་། རིགས་ལྔ་པོ་རྣམས་ཀྱི་ཁྱེ་འཇོག
24b5 བམ་མྱི་འཐོབ་ལྟ་བ་དང་། ཀླུ་རྣམས་བདེ་བར་འཁོད་པ་དང་། དར་ཀི། སྲིན་བུ་དག་ལ་གཏང་རག་གཏོང་བ་དང་། སྲི་རྣམས་མནན་ནས། སྐྱེས་སུ་བླུན་པོ་དག་ལ་བསྐུས་ཏེ་ནོར་མང་པོ་བླངས་པ་དང་། བརྫུན་ཚག
24b6 གིས་བཟང་ངན་སྟོན་པ་གང་ཡིན་པ་དེ་ནི། གི་འཕོས་ནས་ལྕགས་ཀྱི་དྲ་བ་ཅན་གི་སེམས་ཅན་དམྱལ་བར་སྲུང་བར་འགྱུར་བས། བྱ་འདབ་ཆེ་གས་མ་རུངས་པ་ཚད་མྱེད་པ་སྙེད་དེའི་ལུས་ལ་འདུས་ཏེ། ཤ་རྣམས་མ་ལུས
24b7 པར་ཟོས་ནས་རུས་པ་དང་རྒྱས་པ་རྣམས་ཀྱང་འཐོག་པར་བྱེད་པས་སྡུག་བསྔལ་དཔག་ཏུ་མྱེད་པ་དག་མྱོང་བར་འགྱུར་རོ།། ཚེ་འདྲི་ལ་སྨན་པ་བྱས་ཏེ། ནད་གསོའ་བར་གྱི་ནུས་བཞིན་ཏུ་གཞན་དག་ལ་སྐུས་ཏེ་ནོར་བླངས་པ་གང
24b8 ཡིན་པ་དེ་ནི། ཤི་འཕོས་ནས་ཀཏར་ཀ་དང་མྱེ་བཙས་བསྲེགས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས། ལུས་ཀུན་ཏུ་མེ་རབ་ཏུ་འབར་བར་འགྱུར་རོ།། ཚེ་འདི་ལ་མཆོད་རྟེན་དང་གཙུག་ལག་བཤིག་པ་དང་། མཁན
24b9 པོ་དང་སློབ་དཔོན་གིས་བསྒོ་བ་ཀྱི་ཉན་པ་དང་། ཕ་མ་ལ་སྲྀ་ཞུ་མྱེད་པ་གང་ཡིན་པ་དེ་ནི། ཤོའཕོས་ནས་མནར་མྱེད་པའོ་སེམས་ཅན་དམྱལ་བ་ཆེན་པོ་དང་། དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་།