| e-texts navigator |
| Wylie |
24a1 བ་དག་ཏུ་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཕཀ་དང་ཁྱིའི་རླིག་པ་འབྱིནད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་རྡོ་ཟུར་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆང་འཐུངས་ནས་མྱོས་པར
24a2 བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཞུ་བ་འཐུང་བའི་སེམས་ཅན་དམྱལ་བར་འགྱུར་རོ།། ཚེ་འདི་ལ་སེམས་ཅན་གི་ལུས་ཡན་ལག་བཅད་ཅིང་གཏུབས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལུགས་ཀྱི་འཁོར་ལོ་དང་ལྡན
24a3 པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་དགེ་འདུན་གི་ཤིང་ཏོག་བརྐུས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཕག་གི་རྒྱུ
24a4 མ་དང་ཤ་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྡན་ལྗིན་གིས་གང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཉ་གསོན་པོར་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མཚོན་ཆ་དང་དབྱིག་པ
24a5 དང་། རས་གྲི་སོ་ཅན་གི་ལྗོན་ཤིང་དང་ལྡན་པའི་སེམས་ཅན་དམྱལ་བར། ལྟུང་བར་འགྱུར་རོ།། ཚེ་འདི་ལ་མ་ཡར་མོར་གྱུར་ནས། ཆུང་མ། དེསྔ་མའི་བུ་དག་ལ་མནར་བ་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས
24a6 མེ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ།། ཚེ་འདི་ལ་འཕྲ་མ་བྱས་ནས་དཀྲུགས་མ་བྱས་པ་གངཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐོང་གཤོལ་གིས་རྨོ་བའི་སེཾས
24a7 ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཚིག་མྱི་སྙན་པས་གཞན་དག་ལ་སྨྱོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྡེ་རབ་ཏུ་འབྱིནད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བརྫུན་མང་པོ་སྨྲ་བ་གང
24a8 ཡིན་པ་དེ་ནི། ཤི་འཕོས་ནས་སྡེ་ལྕགས་ཀྱི་གཟེར་གིས་འདེབས་པའི་སེམས་ཅན་དམྱལ་བར་སྲུང་བར་འགྱུར་རོ།། ཚེ་འདི་ལ་སྲོག་བཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་རྟུན
24a9 གིས་བརྡུངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ས་བོན་ལ་མོས་པ་བྱས་ནས་འདྲེ་གདོན་ཀི་ཚིག་འདོན་ཅིང་གཞན་དག་ལ་སྨྲས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤ་ལི་སྟ་བུའི་སེམས་ཅས