e-texts navigator
Collection
Volume
Page
Wylie

23b1 ཞིང་སྨོད་པར་བྱེད་ན། གླང་གི་གཉལ་བའི་སྲིན་བུར་སྐྱེ་བར་འགྱུར་རོ།། དགེ་འདུན་གི་ཚོད་ལྡུམ་ཟོས་ན། ཚོད་མ་ནང་གི་སྲིན་བུར་སྐྱེ་བར་འགྱུར་རོ།། དགེ་འདུན་གི་ཁྲི་སྟན་ལ་འདུག་ན། སའི་སྲིན་བུ་འཇུག་རིངས་སུ་སྐྱེ་བར།
23b2 འགྱུར་རོ།། དགེ་འདུན་གི་ཡོ་བྱད་སྣ་ཚོགས་དག་ལ་ཡོངསུ་གྱོད་པར་བྱེད་ན། ཕྱེ་མ་ལེབ་ཏུ་སྐྱེ་བར་འགྱུར་རོ།། རུས་པ་དག་ཐོགས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན། བྱ་མཆུ་རིངས་སུ་སྐྱེ་བར་འགྱུར་རོ།། དམར
23b3 རྩི་དང་དཀར་ཅི་དག་མཆུ་ལ་བསྐུས་ནས། གཙུག་ལག་ཁང་དུ་འཇུག་པར་བྱེད་ན། བྱ་མཆུ་དམར་དག་ཏུ་སྐྱེ་བར་འགྱུར་རོ།། གོས་ཚོན་ཅན་བགོས་ཏེ། གཙུག་ལག་ཁང་དུ་འགྲོ་བར་བྱེད་ན། བྱ་ཁ་དོག་སེར་པོ་དག་ཏུ་སྐྱེ་བར
23b4 འགྱུར་རོ།། མྱི་ཞིག་གཙུག་ལག་ཁང་དུ་གནས་ནས་ཉལ་པོ་བྱས་ན། བྱ་མགོ་སྔོན་དག་ཏུ་སྐྱེ་བར་འགྱུར་རོ།། དེ་བཞིན་གཤེགས་པའི་མཚོ་དྲ་རྟེན་ད་ལ་བརྫིས་ནས། རྔ་མོའི་ལུས་བྱེད་པར་འགྱུར་རོ།། ལྷམ་བཀོས
23b5 ཏེ་དེ་བཞིན་གཤེགས་པའི་དྲི་གཙང་ཁང་དུ་འགྲོ་བར་བྱེད་ན། སྦལ། པར་སྐྱེ་བར་འགྱུར་རོ།། ཆོས་ཉན་པའི་ཚེ་བླག་ཅོར་ཟེར་ན། བྱ་ལྕེ་བརྒྱད་པ་དག་ཏུ་སྐྱེ་བར་འགྱུར་རོ།། དགེ་སློང་མ་རྩང་མ་སུན
23b6 པར་བྱས་ན། ཤི་འཕོས་ནས་སོག་ལེས་འདྲ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་མང་དུ་འདོད་པས་ལོག་པར་གཡེམ་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཟངས་ཀྱི་ཀ་བ་རབ་ཏུ་འབར
23b7 པ་ལ་འདུ་བ་དང་། ལྕགས་ཀྱི་ཁྲི་རབ་ཏུ་ཚ་བ་ལ་ཉལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆུང་མ་མང་པོ་འཆང་བ་གང་ཡིན་པ་དེ་ནི། ལྕགས་གི་རབ་འཐག་ཏུ་འཐག་པའི་སེམས་ཅན་དམྱལ་བར་ལྟུང
23b8 བར་འགྱུར་རོ།། ཚེ་འདི་ལ་ཁྱིམ་ཟབ་མང་པོ་བདོག་པ་གང་ཡིན་པ་དེ་ནི། གི་འཕོས་ནས་སྦྲུལ་གདུག་པ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་སྒོ་དཀྲུགས་པ་གང་ཡིན་པ་དེ་ནི། ཤི་འཕོས
23b9 ནས་མེ་མར་མུར་རབ་ཏུ་ཚ་བ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཕག་དང་བྱ་རྣམས་བཤུ་ཞིང་འཐོག་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཟངས་དག་ཏུ་འཚོང་པའི་སེམས་ཅན་དམྱལ




iiif viewer powered by OpenSeadragon

23a - 24a

Texts on this page

Ng22.2 - 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba theg pa chen po'i mdo