| e-texts navigator |
| Wylie |
23a1 འགྱུར་རོ།། ཀོས་ཚོན་ཅན་གྱོན་པར་མངོན་པར་དཀའ་བ་ཀང་ཡིན་པ་དེ་ནི། ཤི་འཕོས་ནས་བྱེའུ་ཞེའུ་བྱེད་པར་འགྱུར་རོ།། གཞན་གི་ཚིག་ཟློས་ཤིང་ཀུ་རེ་བྱེད་པར་མངོན་པར་དཀའ་བ་དེ་ནི། ཤི་འཕོས་ནས་བྱ་ནེ་ཙོ་བྱེད་པ
23a2 འགྱུར་རོ།། འཕྲ་མ་བྱེད་པ་ལ་མངོན་པར་དཀའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་ལུས་པོ་ཆེ་དག་ཏུ་སྐྱེ་བར་འགྱུར་རོ།། ཉེས་པ་མྱེད་པ་དག་ལ་རྣམ་པར་འཚེ་བ་གང་ཡིན་པ་དེ་ནི། ཤཽ་འཕོས་ནས་སྲིན་བུ་འོན་ཏུ་འཛིནད
23a3 པའི་སེམས་དང་བཅས་པ་དག་ཏུ་སྐྱེ་བར་འགྱུར་རོ།། གཞན་དག་གི་དབེན་བྱེད་པར་མངོན་པར་དཀའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྲིན་བྱ་དག་ཏུ་སྐྱེ་བར་འགྱུར་རོ།། དགད་མོའི་ཚིག་སྨྲ་བར་མངོན་པར་དགའ་བ་ཀང
23a4 ཡིན་པ་དེ་ནི། ཤི་འཕོས་ནས་ཝ་དག་ཏུ་སྐྱེ་བར་འགྱུར་རོ།། གཞན་དག་སྐྲག་ཅིང་དངང་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་རི་དགས་ཤ་པ་དག་ཏུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་ཤིང་གི་ལྷམ་བགོས
23a5 ནས་དྲི་གཙང་བང་དུ་ཞུགས་པ་གང་ཡིན་པ་དེ་ནི། ཚེ་འདི་ལ་རྟའི་རིགས་སུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་ཕྱེན་གཏོང་བ་ལ་མདོ། ན་པར་དགའ་བ་གང་ཡིན་པ་དེ་ནི། སྲིན་བུ་བནམ་པོའི་རིགས་སུ་སྐྱེ
23a6 བར་འགྱུར་རོ།། ཚེ་སྔ་མ་ལ་དགེ་འདུན་གི་གཏུན་དང་རང་ཟག་ཡེ་ངས་སུ་སྤྱད་པ་གང་ཡིན་པ་དེ་ནི། ཚེ་འདི་ལ་སྲོག་ཆགས་སྲིནཔུ་འགོ་བརྡེབས་དག་ཏུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ་གཞན་དགནི
23a7 ཟན་གི་བགེགས་བྱས་ན། ཚེ་འདི་ལ་ཤིང་གི་སྲིན་བུ་བྱེད་པར་འགྱུར་རོ།། དགེ་འདུན་གི་ཆུ་སྐལ་ཡོངས་སུ་སྤྱད་པ་གང་ཡིན་པ་དེ་ནི། ཚེ་འདི་ལ་ཉ་དང་ཆུ་སྲིན་དག་ཏུ་སྐྱེ་བར་འགྱུར་རོ།། དགེ་འདུན་ཀི་ས་ཀཞི་དག་ལ
23a8 མྱི་གཙང་བ་འདོར་བ་གང་ཡིན་པ་དེ་ནི། ཀ་ཤང་ལྕིའི་ནང་གི་སྲིན་བུར་སྐྱེ་བར་འགྱུར་རོ།། དགེའ་འདུན་ཀི་ཤིང་ཏོག་བརྐུས་པ་གང་ཡིན་པ་དེ་ནི། འཇིམ་རྫབ་ཟ་བའི་སྲིན་བུ་བྱེད་པར་འགྱུར་རོ།། དགེ་འདུན་གི
23a9 དཀོར་བརྐུས་པ་གང་ཡིན་པ་དེ་ནི། རང་ཐག་འདྲེན་པའི་གླང་དང་བོར་པུ་བྱེད་པར་འགྱུར་རོ།། དགེ་འདུན་ཀི་དཀོར་ལ་ནན་གིས་སློང་ཞིང་སྔ་སྦྱིན་བྱེད་ན། ཕུག་རོན་དཀར་པོ་བྱེད་པར་འགྱུར་རོ།། དགེ་འདུན་ལ་འཕྱ