| e-texts navigator |
| Wylie |
22b1 པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ཀྱང་དབང་པོ་རྣམས་མ་ཚང་བ་གང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་འཆལ་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ད་ཀྱང་གཙང་སྦྲ་ཆུང་བ་ཀང་ཡིན་པ་དེ་ནི། ཕག་བྱས་པ་ལས་བྱུང་བ་ཡིནོ།། །
22b2 མྱིར་གྱུར་ནས་གླུ་ཀར་ལ་དགའ་བ་གང་ཡིན་པ་དེ་ནི། རོལ་མོ་མཁན་བྱས་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུརྡ་ནས་འདོད་ཆེན་ཆེ་བ་གང་ཡིན་པ་དེ་ནི། ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མྱིར་གྱུར་ནས་གཉའ་བར་ལྔ་པ
22b3 བྱུང་བ་གང་ཡིན་པ་དེ་ནི། གཅིག་པུ་བསྣོགས་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ནས་ཕའི་དྲི་མནམ་པ་གང་ཡིན་པ་དེ་ནི། ཚིག་ངན་གིས་གཞན་ལ་སྨྱོས་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ཀྱང་པོ་མཚན་མྱི་ལྡན་པ
22b4 གང་ཡིན་པ་དེ་ནི། ཕྱི་དང་ཕག་ལ་སྩོགས་པའི་རླིག་པ་བཅད་པ་ལས་བྱང་བ་ཡིན་ནོ།། མྱིར་གྱུརྡ་ནས་ལྕེ་ཟུང་བ་གང་ཡིན་པ་དེ་ནི། དབེན་པ་དྲག་ཏུ་བླ་མ་དག་ལ་ཚིག་མྱི་སྙ་ནད་པ་དག་བརྗོད་པ་ལས་གྱུ་རད་པ་ཡིན་ནོ།།
22b5 མྱིར་གྱུར་ད་ནས་གཞན་དག་གི་ཆུང་མ་ལ་གཡེམ་པར་མངོན་པར་དཀའ། བ་དེ་ནི། ཤི་འཕོས་ནས་ངང་པ་དག་ཏུ་སྐྱེ་བར་འགྱུར་རོ།། མྱིར་གྱུར་ཀྱང་བདག་ཉིད་དང་ཉེ་ཞིང་གཉེན་དུ་འབྲེལ་པ་ལས་དག་ལ
22b6 གཡེམ་པར་མངོན་པར་དཀའ་བ་ཀང་ཡིན་པ་དེ་ནི། ཤི་འཕོས་བྱེའུ་མཚོལ་པ་དག་ཏུ་ལྟུང་བར་འགྱུར་རོ།། མྱིར་གྱུར་ད་ནས་མདོ་སྡེ་དང་བསྟན་བཅོས་དག་སྣ་བྱེད་ཅིང་ཤེས་པ་སྦས་པ་ནས་གཞན་དག
22b7 ལ་མྱི་སྟོནད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤིང་གི་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ།། མདའ་གཞུ་ཐོགས་ཤིང་གཞོན་པ་ལ་མངོན་པར་དཀའ་བ་དེ་ནི། ཤི་འཕོས་ནས་ཀླ་ཀློ་ཅན་ཏུ་སྐྱེ་བར་འགྱུར་རོ།། རྔོན་བྱེད་ཅིང་སྲོག་ཆགས
22b8 བསད་པ་ལ་མངོན་པར་དཀའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་འཕར་སྤྱད་དག་ཏུ་སྐྱེ་བར་འགྱུར་རོ།། འགོ་རྒྱན་དང་མེ་ཏོག་ཐོགས་པ་ལ་མངོན་པར་དཀའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕི་ཏྲུག་གི་སྲིན་བུ་བྱེད་པར
22b9 འགྱུར་རོ།། ཀོས་རིང་པོ་གྱོན་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྲིན་བུ་འདུག་རིངས་སུ་སྐྱེ་བར་འགྱུར་རོ།། ཉལ་ཞིང་ཟ་བར་མངོན་པར་དཀའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཕག་ཏུ་སྐྱེ་བར