| e-texts navigator |
| Wylie |
22a1 བླངས་པ་ལས་གྱུ་རད་པ་ཡིན་ནོ།། མྱིར་གྱུར་ཀྱང་དབུགས་ཐུང་བའི་ཀ་ཡིན་པ་དེ་ནི། དཀུན་ཀླར་བའི་དུས་ཀྱི་ཚེ། གཞན་དག་ལ་ཟས་གྲང་མོ་དག་སྦྱིན་པ་ལས་གྱུར་ད་པ་ཡིན་ནོ།། མྱིར་གྱུར་ཀྱང་ཁྱེན
22a2 དང་བུ་མོ་དག་མྱེད་གྱུར་པ་གང་ཡིན་པ་དེ་ནི། བྱ་མང་པོ་རྣམས་ཕྲུ་གུ་བསད་པ་ལས་གྱུར་པ་ཡིན་ནོ།། མྱིར་གྱུརྡ་ཀྱང་བུ་ཚ་མང་བ་གང་ཡིན་པ་དེ་ནི། སེམས་ཅན་གསོའ་བར་དགའ་བ་ལས་བྱུང་བ་ཡིན་ནོ།།
22a3 མྱིར་གྱུར་ནས་ཚེ་རིང་བ་ཀང་ཡིན་པ་དེ་ནི། བྱམས་པའི་སེམས་དང་ལྡན་ཞིང་སྲོག་མ་བཅད་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ཀྱང་ཚེ་ཐུང་བ་གང་ཡིན་པ་དེ་ནི། སྲོག་ཆགས་མང་པོ་བསད་པ་ལས་བྱུང་བ་ཡིནོ།། །
22a4 མྱིར་གྱུར་ནས་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི། སྦྱིན་པ་བཏང་བ་ལས་གྱུར་པ་ཡིན་ནོ།། མྱིར་གྱུར་ནས་ཏ་དང་ཤིང་རྟ་དང་ལྡན་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ་ལ་རྟ་དང་ཤིང་རྟ་དག་ཕུལ་བ་ལས
22a5 མུརྡ་པ་ཡིན་ནོ།། མྱིར་གྱུར་ནས་དབང་པོ་གསལ་བ་གང་ཡིན་པ་དེ་ནི། མདོ་སྡེ་འདྲི་ཞིང་འ་དོན་འདོད་པ་ལས་གྱུར་པ་ཡིན་ནོ།། མྱིར་གྱུ་རང་ནས་དབང་པོ་མྱི་གསལ་བ་གང་ཡིན་པ་དེ་ནི། དུད་འགྲོའི་སྐྱེ
22a6 གནས་ནས་འོངས་པ་ཡིན་ནོ།། མྱིར་གྱུར་ཀྱང་གཞན་གི་བྲན་དང་བྲན་མོ་བྱེད་པ་གང་ཡིན་པ་དེ་ནི། བུ་ལོན་ཆགས་པ་ལས་གྱུར་པ་ཡིན་ནོ།། མྱིར་གྱུར་ཀྱང་མི་བརྟན་ཞིང་ཡང་བ་གང་ཡིན་པ་དེ་ནི།
22a7 སྔོན་སྲེའུ་བྱས་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ཀྱང་མཛེའ་ནད་ཀྱིས་བཏབ་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ་རྣམ་པར་བཤིག་པ་ལས་གྱུར་པ་ཡིན་ནོ།། མྱིར་གྱུར་ཀྱང་རྒ་ལག་འཇས་འགྲུས་སུ་གྱུར་པ་ཀང
22a8 ཡིན་པ་དེ་ནི། སེམས་ཅན་ཀི་རྐ་ལག་དམ་དུ་བཅིངས་པ་ལས་བྱུང་བ་ཡིན་ནོ།། མྱིར་གྱུར་ཀྱང་ལུས་ལ་མ་དང་ཤུ་བ་བྱུང་ཞིང་ཡུན་རིང་པོར་སྨནད་དང་དཔྱད་བྱས་ཀྱང་སོས་སུ་མྱི་བཏུབ་པ་གང་ཡིན་པ་དེ་ནི། སེམས་ཅན་ལ་བདེས
22a9 གཅོག་བྱས་པ་ལས་གྱུར་ད་པ་ཡིན་ནོ།། མྱིར་གྱུར་ཀྱང་རང་བཞིན་མྱི་སྲུན་པ་གང་ཡིན་པ་དེ་ནི། སྡིག་སྦྲུལ་བྱས་པ་ལས་འོངས་པ་ཡིན་ནོ།། མྱིར་གྱུར་ཀྱང་དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་བསྲུངས