| e-texts navigator |
| Wylie |
19b1 འགྲོ་བ་དང་། འཇིགས་པ་མྱེད་པར་གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་སྤྱོད་པ་དང་། འཇིགས་པ་མྱེད་པར་ཁ་ཐོན་འདོན་པ་དང་། འཇིགས་པ་མྱེད་པར་ཤི་བའི་དུས་བྱེད་པའོ།།
19b2 བྲ་ཟིའི་ཁྱེའུ་དེ་ལྟར་ན་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་སྐྱེ་གནས་ཅན། ལས་ཀྱི་བཀོ་སྐལ་ལ་སྤྱོད་པ། ལས་ལ་རྟོནད་པ་སྟེ། སེམས་ཅན་རྣམས་ནི་ལས་ཀྱིས་བཙུན་པ་དང་དམའ་བ་དང་། དམན་པ་དང
19b3 བཟང་པོ་རྣམ་པར་བྱའོ།། ཞེས་ངས་གང་སྨྲས་པ། དེ་ནི་ངས་འདི་ལས་བསམས་ཏེ་སྨྲས་སོ།། ཆོས་ཀྱི་ནམ་གྲངས་འདི་བཤད་པ་ན་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཅོ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་དོ།། དེ་ནས
19b4 ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀོའུ་ཏ་མ་ཁྱོད་གཉན་དུ་ཡོད་པར་དགེ་སྙེན་གཞན་དག་གི་ཁྱིམ་དག་ཏུ་གཤེགས་པར་དགོངས་པ་ལྟ་ན། དེ་ལྟར་ཏོའུ་དེ་ཡའི
19b5 ཁྱིམ་དུ་ཡང་གཤེགས་པར་དགོངས་སུ་གསོལ།། དེ་ནི་ཏོའུ་དེ་ཡ། འི་ཁྱིམ་དུ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུ། ར་རོ།། བཅོམ་ལྡན་འདས་ཅང་མྱི་གསུང་བས། ཏོའུ་དེ་ཡའི་བུ་བྲམ
19b6 ཟེའི་ཁྱེའུ་ནེ་ཙོ་ལ་གནང་བ་མཛད་ད་ནས་ཏོའུ་དེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཅོས་བཅོམ་ལྡན་འདས་ཀྱིས་ཇི་ཡང་གྱི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ།
19b7 རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་།། སས་རྣམ་པར་འབྱེད་པ་རྫོགས་སྷོ།། ། རྒྱ་གང་གི་མཁར་པོ་འཛིན་གྱི་རྔ་དང་། ཤུ་ཆེན་གི་ལོ་ཆེ་བ་པར་རེ་ལེ་ཤེས
19b8 སྡེས་བསྐུར་ཅི་བཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།
19b9 །། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟནད་པ་ཞེས་བྱ་བའི་མདོལ།། སངས་རྒྱས་དང་བྱང་ཆུབ་སེཾས