e-texts navigator
Collection
Volume
Page
Wylie

19a1 བདུད་ཀྱི་ཁྱོད་ཡུལ་རྣམ་པར་སྤོང་བ་དང་། བདེ་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་ཡོངསུ་ཚོལ་བ་དང་། ངན་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་རྣམ་པར་སྤོང་བ་དང་། ལྷ་དང་མྱིར་སྨོནད་པ་མྱེད་པ་དང་། རྟག་ཏུ་དེ་བཞིན
19a2 གཤེགས་པའི་གསུང་རབ་ལ་རབ་ཏུ་འབྱུང་བ་རྙེད་པ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་རབ་ཏུ་བྱུང་བའི་ཕན་ཡོན་ནོ།། དགོན་པ་ལ་གནས་པའི་ཕན་ཡོན་བཅུ་སྟེ།
19a3 བཅུ་གང་ཞེ་ན། འདུ་འཛི་རྣམ་པར་སྤོང་བ་དང་། རབ་ཏུ་དབེན་པ་ལ་སྟེན་པ་དང་། དེའི་སེམས་བསམ་གཏན་ལ་དམྱིགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སྨོནད་པ་དང་། དགའ་བ་དང་བདེ་བ་དང་། ཡིད
19a4 བདེ་བ་ལུས་ལ་སྐྱེས་པ་དང་། དེ་ལ་བདུ་གཅོད་པར་མྱི་འབྱུང་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རྒྱ་ཆེར་ཤེས་པར་འགྱུར་བ་དང་། ཞི་གནས་འཐོབ་པ་དང་། ལྷག་མཐོང་འཐོབ་པ་དང་སྟེ། བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི
19a5 པའི་ཕན་ཡོན་ནོ།། བསོད་སྙོམས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང་། དེ་སྤྱོད་ཡུལ་ལ་གོམས་པར་འགྱུར་བ་དང་། དེ་ང་རྒྱལ་བཅོམ་པར་འགྱུར་བ་དང་། བདག་རྙེད
19a6 པ་ལ་སྦྱོར་བ་དང་། གཞན་དག་ཀྱང་བསོད་སྙོམས་ལ་རབ་ཏུ་དགོད་པ་དང་། སྟོནད་པའི་བསྟནད་པ་ཡོངས་སུ་སྟོན་པ་དང་། ཕྱི་མའི་སྐྱེ་བོ་ལ་སྣང་བ་བྱས་པར་འགྱུར་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ
19a7 ང་བ་བྱེད་པར་འགྱུར་བ་དང་། དམའ་བའི་སེམས་ཉེ་བར་བཞག་པར་འགྱུར་བ་དང་། བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སློང་ཕྱོགས་ལ་མུན་པ་མྱེད་པར་སྣང་བ་དང་། བཅུ་པོ་དེ་དག་ནི་བསོད་སྙོམས་པོའི་ཕན་ཡོན་ནོ།།
19a8 འཇིགས་པ་བྱེད་པའི་ཕན་ཡོན་བཅུ་སྟེ། བརྒྱ་གང་ཞེ་ན། འཇིགས་པ་མྱེད་པར་གྲོང་ཏུ་འཇུག་པ་དང་། འཇིགས་པ་མྱེད་པར་གྲོང་ནས་འབྱུང་བ་དང་། འཇིགས་པ་མྱེད་པར་ཁྱིམ་རྣམས་སུ་འགྲོ་བ་དང་། འཇིགས་པ་མྱེད་པར
19a9 འཁོར་ལ་ཆོས་སྟོནད་པ་དང་། འཇིགས་པ་མྱེད་པར་དགེ་འདུན་གི་ནང་དུ་འཇུག་པ་དང་། འཇིགས་པ་མྱེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ་དང་། འཇིགས་པ་མྱེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་དུ




iiif viewer powered by OpenSeadragon

18b - 19b

Texts on this page

Ng22.1 - las rnam par 'byed pa