| e-texts navigator |
| Wylie |
18b1 རྒྱས་དང་། སྤྲིན་མྱེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་མེ་དང་། གྱི་ཆེ་བ་དང་ཀྱི་གཏུང་བ་དང་། གྱ་ནོམ་སྣང་བ་དང་། གི་ནང་ཏུ་མཐོང་དང་། འོག་བྱེར་གི་ལྷ་རྣམས་དང་སྦལ་པ་མཉམ་པར་གྱུ་དང་ཅིག་ཅེ་ན། དེའི་སྤྱོན་དུ།
18b2 དེ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། ཅི་ཡང་བྱེད་པའི་སྐྱེམ
18b3 ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་ཀྱི་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོནད་པ་དེ་གྲུབ་པར་འགྱུར་རོ།། གལ་ཏེ
18b4 འདོད་དེ་རྒྱུ་ནད་ཏུ་ཞུགས་པའི་འབྲས་བུ་མངོན་ཏུ་བྱའོ་ཞེ་ན། དེའི་སྨོནད་པ་དེ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས
18b5 བུ་དང་། རང་བྱང་ཆུབ་ཏུ་མངོན་ཏུ་བྱའོ་ཞེ་ན། དེའི་སྨོནད་པ་དེ་གྲུག། པར་འགྱུར་རོ།། གལ་ཏེ་འདོད་དེ་བླ་ན་མྱེད་པ་ཡང་དག་པར་རྫོག་ས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུརྡ་ཅིག་ཅེ
18b6 ན། དེའི་སྨོནད་པ་དེ་གྲུབ་པར་འགྱུར་རོ།། མང་པོ་དེ་དག་ནི་གན་ས་སྦྱིན་པའི་ཕན་ཡོན་ནོ།། སྐོམ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་འགྱུར་བ་ད
18b7 འབྲལ་བ་དག་ཅིང་འདུམ་པའི་བཞིན་དུ་འགྱུར་བ་དང་། ཡོན་ཏན་དང་ལྡན་པར་འགྱུར་བ་དང་། སེམས་ཀྱི་རྒྱུན་མཉེན་པར་འགྱུར་བ་དང་། སྐོམ་པར་གྱི་འགྱུར་བ་དང་། སྦོམ་ན་ཡང་སུ་འབྱུང་བར་འགྱུར་བ་དང་། ཡི་དགས་སུ་སྐྱེ
18b8 བར་གྱི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོའི་རིས་སུ་སྐྱེ་བར་འགྱུར་བ་དང་། མུ་རབ་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྐོམ་སྦྱིན་པའི་ཕན་ཡོན་ནོ།། རབ་ཏུ་བྱུང་བའི་ཕན་ཡོན་བ
18b9 སྟེ། བཅུ་གང་ཞེ་ན། བུ་དང་ཆུང་མ་དང་། ནོར་ལ་སྲེད་པར་མྱི་འགྱུར་བ་དང་། དེ་འདོད་པ་ཡོངས་སུ་འཛིནད་པར་མྱི་འགྱུར་བ་དང་། དཀོན་པ་ལ་གནས་པར་འགྱུར་བ་རྙེད་པ་དང་། སངས་རྒྱས་ལ་གུས་པར་འགྱུར་བ་དང་།