| e-texts navigator |
| Wylie |
18a1 པར་གྱི་འགྱུར་བ་དང་། རིམ་འགྲོ་བྱེད་པ་དང་ལྡན་པར་གྱི་འགྱུར་བ་དང་། མཐོའ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུ་རབ་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་བཞོན་པ་སྦྱིན་པའི་ཕན་ཡོན་ནོ།།
18a2 གནས་སྦྱིན་པའི་ཕན་ཡོན་རབ་ཏུ་མང་སྟེ། མང་པོ་གང་ཞེ་ན། དེ་ལ་འཇིགས་པ་མྱི་འབྱུང་ངོ་།། གཏིང་བ་དང་བགོ་བ་ཤིནང་ཏུ་འཇམ་པོ་རྙེད་པར་འགྱུར་རོ།། སྤ་དང་གྱི་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་རྙེད་པར་འགྱུརརོ།།
18a3 གལ་ཏེ་འདོད་དེ་མ་ལ་ཀྱེ་མ་བདག་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ད་ཅིག་རྩེའམ། བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུརྡ་ཅིག་ཅེ་འམ། ཁྱིམ་བདག་ཤིང་ས་ལ་ཆེན་པོའི་ཁྱིམ་དུ་སྐྱེ
18a4 བར་གྱུར་ད་ཅིག་ཅེ་ན། དེའི་སྨོན་པ་གྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ་མ་ལ་ཀྱེ་མ་བདག་གྲོང་གི་གཙོ་བོར་གྱུརྡ་ཅིག་ཅེ་འམ། གྲོང་རྡལ་ཀི་གཙོ་བོར་གྱུར་ད་ཅིག་ཅེའམ། རི་བྲགས་ཀྱི་རྒྱལ་པོར་གྱུ་རང
18a5 ཅིག་ཅེའམ། རྒྱལ་ཕྲན་ཏུ་གྱུར་ད་ཅིག་ཅེའམ། རྒྱལ་པོ་བཙན།། བར་གྱུར་ད་ཅིག་ཅེའམ། དེའི་སྨོད་པ་དེ་བཞིན་ཏུ་གྲུབ་པར་འ།། གྱུར་རོ།། གལ་ཏེ་འདོད་དེ་གླིང་གཅིག་གི་རྒྱལ་པོར་གྱུར་ད་ཅིག
18a6 ཅེ་འམ། གླིང་གཉིས་ཀི་རྒྱལ་པོར་གྱུརྡ་ཅིག་རྩེའམ། གླིང་གསུམ་གི་རྒྱལ་པོར་གྱུརྡ་ཅིག་ཅེ་འམ། འཁོར་ལོས་སྤུར་པོའི་རྒྱལ་པོར་གྱུརྡ་ཅིག་ཅེ་མ། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།།
18a7 གལ་ཏེ་འདོད་དེ་རྒྱལ་ཆེན་བཞིའོ་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ད་ཅིག་ཅེ་ན། དེའི་སྨོནད་པ་དེ་གྲུབ་པར་འགྱུར་རོ།། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ།
18a8 དཀའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ད་ཅིག་ཅེ་ན། དེའི་སྨོན་བ་དེ་གྲུབ་པར་འགྱུར་རོ།། གས་ཏེ་འདོད་དེ་མ་ལ་ཀྱེ་མ་བདག་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་པ
18a9 མཉམ་པར་གྱུར་ད་ཅིག་ཅེ་ན། དེའི་སྨོནད་པ་གྲུབ་པར་འགྱུར་རོ།། ཚངས་པ་འདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མྱེད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མྱེད་དགེ་དང་། དགེལ