e-texts navigator
Collection
Volume
Page
Wylie

17b1 པ་རྣམས་ཀྱིས་བྲེལ་པར་མྱི་འགྱུར་བ་དང་། རྐང་པ་ལེགས་པར་གནས་པར་འགྱུར་བ་དང་། ལམ་དུ་འགྲོ་ན། སྟོབས་དང་ལྡན་པར་འགྱུར་བ་དང་། དེའི་ལུས་ངས་བར་མྱི་འགྱུར་བ་དང་། དེ་འགྲོ་ན་ཚེར་མ་དང་གསེག་མ་དང་།
17b2 ཀྱེ་མོ་རྣམས་ཀྱིས་རྐང་པ་སྣད་པར་མྱི་འགྱུར་བ་དང་། རྫུ་འཕྲུལ་ཐོབ་པར་མྱི་འགྱུར་བ་དང་། དེ་རིམ་འགྲོ་བྱེད་པ་དང་། མྱི་ལྡན་པར་མྱི་འགྱུར་བ་དང་། ལོངས་ཁྱོད་ཆེ་བར་འགྱུར་བ་དང་། མཐོའ་རིས་སུ་སྐྱེ་བར་འགྱུར་བ་དང་།
17b3 མྱུར་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ལྷམ་སྦྱིན་པའི་ཕན་ཡོན་ནོ།། སྣོད་གྱད་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ཀ་ཡོན་ཏན་གྱི་སྣོད་ལྟ་བུར་འགྱུར་བ་དང་། མདོག
17b4 སྣུམ་པར་འགྱུར་བ་དང་། སེམས་ཅན་ཀ་རྒྱུད་མཉེན་པར་འགྱུར་བ་དང་། སྐོམ་པར་མྱི་འགྱུར་བ་དང་། སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་། ཡིད་དགས་སུ་སྐྱེ་བར་མྱི་འགྱུར་བ་དང་། ལྷ་དང་མྱི་རྣམས་དཀའ་བར
17b5 འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོའ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུ་རད་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྣོད་ཀྱང་སྦྱིན་པོའི་ཕན་ཡོན་ནོ།། ཥ3
17b6 སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང་། ཁ་དོག་དང་ལྡན་པར་འགྱུར་བ་དང་། སྤོབས་པ་དང་ལྡན་པར་འགྱུར་བ་དང་། དྲན་པ་དང་ལྡན་ཞིང་སྤོབས་པ་དང་ལྡན་པར
17b7 འགྱུར་བ་དང་། བག་ཚ་བ་མྱེད་པར་འཁོར་གི་ནང་དུ་འགྲོ་བ་དང་། འཁོར་འདུན་པར་འགྱུར་བ་དང་། ལྷ་དང་མྱི་རྣམས་དཀའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོའ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུརང
17b8 ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁ་ཟས་སྦྱིན་པའི་ཕན་ཡོན་ནོ།། བཞོན་པ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། རྐང་པ་ཤིན་ཏུ་གཞོན་ཤ་ཆགས་པར་འགྱུར་བ་དང་། རྐང་པ་ཤིན་ཏུ་གན
17b9 པར་འགྱུར་བ་དང་། རྐང་པས་འགྲོ་ན་སུས་རལ་བར་མྱི་འགྱུར་བ་དང་། བདེ་བར་འགྱུར་བ་དང་། མྱི་འཛའ་བ་མང་བར་མྱི་འགྱུར་བ་དང་། རྫུ་འཕྲུལ་གི་རྐང་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་། བཞོན་པ་རྣམས་ཀྱིས་བྲེལ




iiif viewer powered by OpenSeadragon

17a - 18a

Texts on this page

Ng22.1 - las rnam par 'byed pa