| e-texts navigator |
| Wylie |
258a1 ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདིན་མྱི་དགེ་བའི་སེམས་པ་མྱི་དགེ་བ་ལ་དམྱིགས་པའོ།། མྱི་དགེ་བའི་སེམས་པ་ལུང་དུ་མ་བསྟནད་པ་ལ་དབྱིགས་པ་གང་ཞེ་ན། སྨྲས་པ། སུང་དུ་མ་བསྟ་ནང་པའི
258a2 གཟུགས་དང།། སུང་དུ་མ་བསྟནང་པའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། སུང་དུ་མ་བསྟནད་པའི་སེམས་དང་བྱེ་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མྱེད་པ་ལས་བྱུང་བ། འབྲས་བུ
258a3 མྱེད་པ། རྣམ་པར་སྦྱིན་པ་མྱེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱི་དགེ་བའི་སེམས་པ་ལུང་དུ་མ་བསྟ་རང
258a4 པ་ལ་དམྱིགས་པའོ།། མྱི་དགེ་བའི་སེམས་པ་དགེ་བ་དང་། མྱི་དགེ་བ་ལ་དམྱིགས་པ་གང་ཞེ་ན། སྨྲས་པ། དགེ་བ་དང་མྱི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་པ་དང་མྱི་དགེ་བའི་སེམས་དང་སེམས་ལས།
258a5 བྱུང་བའི་ཆོས་རྣམས་དང་། དགེ་བ་དང་མྱི་དགེ་བའི་སེམས་དང་མྱི་ལྔ།། ན་བའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མྱེད་པ་ལས་བྱུ། བ། འབྲས་བུ་མྱེད་པ། རྣམ་པར་སྐྱེནད་པ་མྱེད་པ་ཡིན་ནོ་སྙམ་དུ
258a6 དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་བར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱི་དགེ་བའི་སེམས་པ་དགེ་བ་དང་མྱི་དགེ་བ་ལ་དམྱིགས་པའོ།། མྱི
258a7 དགེ་བའི་སེམས་པ་དགེ་བ་དང་ལུང་དུ་མ་བསྟནད་པ་ལ་དམྱིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དགེ་བའི་སེམས་དང་མྱི་ལྡན་པའི་བྱེད
258a8 རྣམས་དང་། ལུང་དུ་མ་བསྟནད་པའི་གཟུགས་དང་། ལུང་དུ་མ་བསྟནད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ལུང་དུ་མ་བསྟན་པའི་སེམས་དང་མྱི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་མྱེད་པ
258a9 ལས་བྱུང་བ་འབྲས་བུ་མྱེད་པ། རྣམ་པར་སྨིནད་པ་མྱེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱི་དགེ་བའི