e-texts navigator
Collection
Volume
Page
Wylie

257b1 མྱེད་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཕན་ཡོན་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་།
257b2 ཆོས་འདི་དག་ནི་དགེ་བ་ཡིན་ཏེ། སྐྱེས་བུ་དམ་པས་རང་གིས་རྟོགས་པ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བསྔགས་པ་ནས། རྒྱས་པར་གཉི་ག་ལ་ཡང་གནོད་པར་མྱི་འགྱུར་བའི་བར་དུ་སྦྱར་ཏེ།
257b3 ཤེས་རབ་སྐྱེ་བར་འགྱུར་བ་དང་། འབོགས་པར་འགྱུར་བའི་ཕྱོགས་དང་མཐུན་པ་མ་ཡིན་པ་དང་། མྱ་ངན་ལས་འདས་པར་འགྱུར་བ་ཡིན་ནོ།། སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས
257b4 མངོན་པར་འདུ་བྱེད་པ་དང། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱི་དགེ་བའི་སེམས་པ་དགེ་བ་ལ་དམྱིགས་པའོ།། མྱི་དགེ་བའི་སེམས་པ་མྱི་དག་པ་ལས་དམྱིགས་པ་གང་ཞེ་ན། སྨྲས་པ། མྱི
257b5 དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མྱི་དགེ་བའི་སེམ་ས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། མྱི་དགེ་བའི་སེམ་ས་དང་མྱི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དགྲ་ནི་རྒྱུ་མྱེད་པ
257b6 ལས་བྱུང་བ་དང་། འབྲས་བུ་མྱེད་པ། རྣམ་པར་སྦྱིན་པ་མྱེད་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེ་མས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་།
257b7 ཡང་ན་ཆོས་དེ་དག་གི་ཉེས་དབྱིགས་དང་ལྡན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་ཆོས་འདི་དག་ནི་གྱི་དགེ་བ་ཡིན་ཏེ། སྐྱེས་བུ་དམ་པ་མ་ཡིན་པས། རང་གིས་རྟོགས་པ། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས
257b8 རྣམས་དང་། དམ་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་སྟེ། ཟི་ནད་ཅིང་ཡང་དག་པར་ཟིན་ན་བདག་ལ་ཡང་གནོད་པར་འགྱུར་ཞིང་། གཞན་ལ་ཡང་གནོད་པར་འགྱུར་ལ། གཉི་ག་ལ་གནོད་པར་འགྱུར་ཏེ།
257b9 ཤེས་རབ་འགག་པར་འགྱུར་བ་དང་། ཕོགས་པར་འགྱུར་བའི་ཕྱོགས་དང་མཐུན་པ་དང་། མྱ་ངན་ལས་འདས་པར་མྱི་འགྱུར་བ་ཡིན་ནོ་སྭཱ་དེ་དེ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་།




iiif viewer powered by OpenSeadragon

257a - 258a

Texts on this page

Ng19.7 - las gdags pa