| e-texts navigator |
| Wylie |
257a1 དང་། སུང་དུ་མ་བསྟནད་པ་ལ་དམྱིགས་པའོ།། དགེ་བའི་སེམས་པ་མྱི་དགེ་བ་དང་ལུང་དུ་མ་བསྟནད་པ་ལ་དམྱིགས་པ་གང་ཞེ་ན། སྨྲས་པ། མྱ་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། མྱི
257a2 དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། མྱི་དགེ་བའི་སེམས་དང་མྱི་ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་མ་བསྟནད་པའི་གཟུགས་དང་ལུང་དུ་མ་བསྟནད་པོའི་སེམས་དང་། སེམས་ལས་བྱུང་པོའི་ཆོས
257a3 རྣམས་དང་། ལུང་དུ་མ་བསྟནད་པའི་སེམས་དང་ལྡན་པའི་དུ་བྱེད་རྣམས་དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ། འབྲས་བུ་ཡོད་པ། རྣམ་པར་སྨིནད་པ་དང་བཅས་པ་ཡིན་ནོ་སྟེ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས
257a4 སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་མྱི་དགེ་བའི་དང་ལུང་དུ་མ་བསྟནད་པ་ལ་དམྱི་གས་པའོ།། དགེ་བའི་སེམས་པ་དགེ་བ་དང་མྱི་དགེ་བ་དང་ལུང་དུ་མ་བསྟནད
257a5 པ་ལ་དམྱིགས་པ་གང་ཞེ་ན། སྤྲས་པ། དགེ་བ་དང་མྱི་དགེ་བའི་སུ། ས་ཀྱི་ལས་དང་། ངག་གྱི་ལས་དང་། དགེ་བ་དང་མྱི་དགེ་བའི་སེམ། ས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་མྱི་དགེ་བའི་སེམས་དང་མྱེ
257a6 ལྡན་པའི་འདུ་བྱེད་རྣམས་དང་། ལུང་དུ་བསྟནད་པའི་གཟུགས་དང་། ལུང་དུ་མ་བསྟནད་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམ་ས་དང་། ལུང་དུ་མ་བསྟན་པོའི་སེམས་དང་མྱི་ལྡན་པའི་འདུ་བྱེད་རྣམས
257a7 དང་། ཆོས་འདི་དག་ནི་རྒྱུ་ལས་བྱུང་བ། འབྲས་བུ་ཡོད་པ། རྣམ་པར་སྦྱིནད་པ་དང་བཅས་པ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར
257a8 དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་དང་མྱི་དགེ་བ་དང་། ལུང་དུ་བསྟན་པ་ལ་དམྱིགས་པའོ།། མྱི་དགེ་བའི་སེམས་པ་དགེ་བ་ལ་དམྱིགས་པ་གང་ཞེ་ན། སྦས་པ་གྱི་དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས
257a9 དང་། མྱི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ཀྱི་དགེ་བའི་སེམས་དང་མྱི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག་ནི་ཆུ་བྱེད་པ་ལས་བྱུང་བ། འབྲས་བུ་མྱེད་པ། རྣམ་པར་སྦྱིན་པ