| e-texts navigator |
| Wylie |
256a1 ཆོས་དེ་དག་གི་ཕན་ཡོན་དང་ལྡན་པའི་ཡིད་ལ་བྱེད་པས། ཡིད་ལ་བྱེད་ཅིང་ཆོས་འདི་དག་ནི་དགེ་བ་སྟེ། སྐྱེས་བུ་དམ་པས་རང་གིས་རྟོགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་།།
256a2 དམ་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་པ་སྟེ། ཟ་ནད་ཅིང་ཡང་དག་པར་ཟི་ནད་ན། བདག་ལ་ཡང་གནོད་པར་མྱི་འགྱུར་ཞིང་། གཞན་ལ་ཡང་གནོད་པར་མྱི་འགྱུར་ལ། གཉི་ཀ་ལ་ཡང་གནོད་པར་མྱི་འགྱུར
256a3 ཏེ། ཤེས་རབ་སྐྱེ་བར་འགྱུར་བ་དང་། ཕོངས་པར་འགྱུར་བའི་ཕྱོགས་དང་མཐུན་པ་མ་ཡིན་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ནོ་སྙམ་དུ་དེ་ལྟར་ཡང་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར
256a4 འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་དགེ་བ་ལ་དམྱིགས་པའོ།། དགེ་བའི་སེམས་པ་མྱི་དགེ་བ་ལ་དམྱིགས་པ་གང་ཞེ་ན། སྨྲས་པ། མྱི་དགེ་བའི་ལུས་ཀྱི་ལས་དང་། ངག་གྱི
256a5 ལས་དང་། མྱི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་ན།། མས་དང་། མྱི་དགེ་བའི་སེམས་དང་མྱི་ལྡན་པའི་འདུ་བྱེད་རྣམས། དང་། ཆོས་འདི་དག་ནི་རྒྱུ་དང་བཅས་པ་ལས་བྱུང་བ་འབྲས་བུ་ཡོད
256a6 པ་རྣམ་པར་སྦྱིདད་པ་དང་བཅས་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པོའི་ས་མས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་བ་དང་། ཡང་ན་ཆོས་དེ་དག་གི་ཉེས་དབྱིགས
256a7 དང་ལྡན་པ། ཡིད་ལ་བྱེད་པས་ཡིད་ལ་བྱེད་ཅིང་། ཆོས་འདི་དག་ནི་མྱི་དགེ་བ་ཡིན་ཏེ། སྐྱེས་བུ་དམ་པ་མ་ཡིན་པས་རང་གིས་རྟོགས་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་།
256a8 སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པ་སྟེ། ཟིན་ཅིང་ཡང་དག་པར་ཟིན་ན། བདག་ལ་ཡང་གནོད་པར་འགྱུར་ཞིང་། གཞན་ཡང་གནོད་པར་འགྱུར་ལ་གཉི་ག་ལ་ཡང་གནོད་པར་འགྱུར་ཏེ། ཤེས་རབ་འགག་པར་འགྱུར་བ་དང
256a9 འབོགས་པར་འགྱུར་བའི་ཕྱོགས་དང་མཐུན་པ། མྱ་ངན་ལས་འདའ་བར་མྱི་འགྱུར་བ་ཡིན་ནོ།། སྙམ་བྱེད་པ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ