e-texts navigator
Collection
Volume
Page
Wylie

255b1 ནས། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་པའི་བར་གྱི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པའི་སེམས་པ་ཞེས་བྱའོ།། གཞན་ཡང་ཡོངས་སུ།
255b2 ཟི་ནད་པའི་སེམས་ཀྱིས་བསམ་གཏན་བཞི་དང་། གཟུགས་མྱེད་པ་བཞི་བསྒོམ་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འང་ན་ལུང་དུ་མ་བསྟནད་པའ་ཀུན་ཏུ་སྦྱར་བ
255b3 དང་། མྱད་པ་བཞ་སྐམ་པའ་སེམས་པ་གང་ཡན་པ་ནས། སེམས་མ་ངན་པར་འདུ་བྱེད་པ་དང་། ཡང་ཀྱ་ལས་ཀྱི་བར་དུ་སྦྱར་ཏ། འདི་ནི་ལུང་དུ་མ་བསྟནད་པའི་སེམས་པ་ཞེས་བྱའོ།། གཞན་ཡང་ལུང་དུ་བཱ་སྟ་ནད་པོའི་ཀུན
255b4 ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་བཀྲིས་པ་རྣམས་དང་། མཚུངས་པར་ལྟ་ན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་།།
255b5 ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟནད་པའི་སེམ། ས་པ་ཞེས་བྱའོ།། དགེ་བའི་སེམས་པ་དགེ་བ་ལ་དམྱིགས་པ། དང་། མྱི་དགེ་བ་ལ་དམྱིགས་པ་དང་། ལུང་དུ་མ་བསྟནད་པ་ལ་དམྱིག
255b6 པ་ཡོད་དམ། སྨྲས་པ། དགེ་བ་ལ་དམྱིགས་པ་ཡང་ཡོད་དོ།། མྱི་དགེ་བ་ལ་དམྱིགས་པ་ཡང་ཡོད་དོ།། ལུང་དུ་མ་བསྟནད་པ་ལ་དམྱིགས་པ་ཡང་ཡོད་དོ།། དགེ་བ་དང་མྱི་དགེ་བ་ལ་དམྱིགས་པ་ཡང་ཡོད་དོ།། དགེ
255b7 བེ་དང་མྱི་དགེ་པ་དང་ལུང་དུ་མ་བསྟནད་པ་ལ་དམྱིགས་པ་ཡང་ཡོད་དོ།། དགེ་བ་ཇི་ལྟ་བ་བཞིན་མྱི་དགེ་བ་དང་། ལུང་དུ་མ་བསྟནད་པ་ལ་དམྱིགས་པ་ཡང་དེ་དང་འདྲ་བར་ཡོད་པར་བརྗོད་པར་བྱའོ།། དགེ་བའི་སེམས་པ་དགེ་བ་ལ
255b8 དབྱིགས་པ་གང་ཞེ་ན། སྨྲས་པ། དགེ་བའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་དང་། དགེ་བའི་སེམས་དང་མྱི་ལྡན་པའི་འདུ་བྱེད་རྣམས་དང་། ཆོས་འདི་དག
255b9 ནི་རྒྱུ་དང་བཅས་པ་ལས་བྱུང་བ་འབྲས་བུ་ཡོད་པ། རྣམ་པར་སྦྱིནད་པ་དང་བཅས་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའི་སེམས་པ་གང་ཡིན་པ་ནས་སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱང་བ་དང་། ཡང་ན




iiif viewer powered by OpenSeadragon

255a - 256a

Texts on this page

Ng19.7 - las gdags pa