e-texts navigator
Collection
Volume
Page
Wylie

255a1 སེམས་པ་ཞེས་བྱའོ།། གཞན་ཡང་སྲོག་གཅོད་པ་དང་ལྡན་པའི་ཡིད་ལ་བྱེད་པ་མཚུངས་པར་ལྡན་པ་དང་། མ་བྱིན་པར་ལེནད་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་ཏུ་སྨྲ་བ་དང་། ཕྲ་མ་དང་། ཚིག
255a2 རྩུབ་པོ་དང་། ཚིག་ཀྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི
255a3 ལས་ཀྱི་བར་དུ་སྦྱར་ད་ཏེ། འདི་ནི་མྱི་དགེ་བའི་སེམས་པ་ཞེས་བྱའོ།། གཞན་ཡང་ཁྲོ་བ་དང་། ཁོ་ནད་ཏུ་འཛིནད་པ་དང་། འཆབ་པ་དང་། ཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྤུ་དང་། གཡོལ་དང་། ངོ་ཚ་མྱི་ཤེས
255a4 པ་དང་། ཁྲེལ་བྱེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྔ་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱི་དགེ་བའི་སེམས་པ་ཞེས་བྱའོ།།
255a5 གཞན་ཡང་ལག་པ་ཁུ་ཚུར་དང་། ཐལ་ཅག་ཀྱིས་བསྐྲུནད་པ་དང་། ཡལ་ཀ་དང་སྡུག་མས་གནོད་པར་བྱས་པ་དང་ལྡན་པའི་ཡིད་ལ་བྱེ། ད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས
255a6 མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་གྱི་དགེ་བའི་སེམས་པ་ཞེས་བྱའོ།། གཞན་ཡང་མྱི་དགེ་བའི་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས
255a7 པ་དང་། ཀུན་ནས་བཀྲིས་པ་ནས་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱ་རང་ཏེ། འདི་ནི་མྱི་དགེ་བའི་སེམས་པ་ཞེས་བྱའོ།། ལུང་དུ་མ་བསྟན་པོའི
255a8 སེམས་པ་གང་ཞེ་ན། སྨྲས་པ། ལུང་དུ་མ་བསྟནད་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་ལུང་དུ་མ་བསྟན་པོའི
255a9 སེམས་པ་ཞེས་བྱའོ།། ཇི་ལྟ་ཞེ་ན། འདི་ལྟ་སྟེ། དགེ་བའི་སེམས་ཀྱང་མ་ཡིན། ཉོན་མོངས་པ་ཅན་གྱི་སེམས་ཀྱང་མ་ཡིན་པ། རང་བཞིན་དུ་གནས་པ། སྤྱོད་ལམ་ལ་ཞུགས་པས། མྱིག་གི་གཟུགས་རྣམས་མངོན་པ




iiif viewer powered by OpenSeadragon

254b - 255b

Texts on this page

Ng19.7 - las gdags pa