| e-texts navigator |
| Wylie |
254b1 པ་དང་། འོན་ཏུ་འཛིནད་པ་མྱེད་པ་དང་། འཆབ་པ་མྱེད་པ་དང་། ཚིག་པ་མྱེད་པ་དང་། ཕྲ་དོག་མྱེད་པ་དང་། སེར་སྣ་མྱེད་པ་དང་། སྤུ་མྱེད་པ་དང་། གཡོ་མྱེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པའི་ཡིད་ལ
254b2 བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་སྟེ། འདི་ནི་དགེ་པའི་སེམས་པ་ཞེས་བྱའོ།། གཞན་ཡང་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་།
254b3 མངོན་ཏུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པས་ན།། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི
254b4 ནི་དགེ་བའི་སེམས་པ་ཞེས་བྱའོ།། གཞན་ཡང་སྦྱིན་པ་དག་སྐྱེ་ངན་པ་འམ། བསོད་ནམས་དག་བྱེད་པ་འམ། གསོའ་སྐྱོང་ལ་ཉེདཔར་གནས་པ་འམ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་འདུག་པ་འམ
254b5 ངད་པའི་སེམས་ཀྱིས་རང་གིས་ལག་དང་ཏེ། ལས་བྱེད་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དག་པའི་སེམས་པ་ཞེས་བྱའོ།།
254b6 གཞན་ཡང་དགེ་བའི་ཡིད་ལ་བྱེད་པས་སྡུག་བསྔལ་བར་ཡིད་ལ་བྱེད་པ་འམ། ཀུན་འབྱུང་བ་ལ་ཀུན་འབྱུང་བ་འམ། འགོག་པ་ལ་འགོག་པ་འམ། ལོམ་ལ་ལམ་དུ་ཡིད་ལ་བྱེད་པའི་སེམས་གང་ཡིན་པ་ནས། སེམས་མངོན་པར
254b7 འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ།། མྱི་དགེ་བའི་སེམས་པ་གང་ཞེ་ན། སྨྲས་པ། མྱི་དགེ་བའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས
254b8 སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱ་དགེ་བའི་སེམས་པ་ཞེས་བྱ་སྟེ། ཇི་ལྟ་ཞེ་ན། འདི་ལྟར་ཆགས་པ་འམ། སྡང་བ་འམ། རྨོངས་པས་ཚུལ་བཞིན་མ་ཡིན་པ་དང་། སོ་སོར
254b9 མ་བཏགས་པར་མྱིག་གིས་གཟུགས་རྣམས་མཐོང་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པའི་བར་གི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་མྱི་དགེ་བོའི།