| e-texts navigator |
| Wylie |
254a1 བསྡུས་པ་འདི་ནི་སེམས་པའི་ལས་མ་འོངས་པའོ།། སེམས་པའི་ལས་ད་ལྟར་བྱུང་བ་གང་ཞེ་ན། སྤྲས་པ་སེམས་པ་གང་སྐྱེས་པ་དང་། ཡང་དག་པར་སྐྱེས་པ་དང་། བྱུང་བ་དང་། ཡང་དག་པར་བྱུང་བ་དང་།
254a2 ཕྱི་ནད་ཟི་ནད་པ་དང་། བྱུང་བར་གྱུར་པ་དང་། གནས་པ་དང་། རྣམ་པར་མ་གྱུར་ད་པ་དང་ད་ལྟར་འདུག་པ་ནས། རྒྱས་པར་སྦྱར་ཏེ། འདི་ནི་སེམས་པོའི་ལས་ད་ལྟར་བྱུང་བའོ།། དེ་ལ་སེམས་པའི་ལས་ནི་དགེ་བ་ཡང་ཡོད།
254a3 མྱི་དགེ་པ་ཡང་ཡོད། ལུང་དུ་མ་བསྟནད་པ་ཡང་ཡོད་དོ།། སེམས་པའི་ལས་དགེ་བ་གང་ཞེ་ན། སྨྲས་པ། དགེ་བའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་།
254a4 ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། ཇི་ལྟ་ཞེ་ན། འདི་ལྟ་སྟེ། ཆགས་པ་མྱེད་པ་དང་། སྡང་བ་མྱེད་པ་དང་། རྨོངས་པ་མྱེད་པས་ཚུལ་བཞིན་དུ་སོ་སོར་བརྟགས་ནས། མྱིག་གྱིས་གཟུགས་རྣམས་མཐོང་བ་དང་། རྣ་བས་སྒྲ་རྣམས
254a5 ཐོས་པ་དང་། སྲས་དྲི་རྣམས་བསྡམས་པ་དང་། ལྕེས་རོ་རྣམས་མྱོང་བ་དང་། ལུས་ཀྱིས་རེག་བྱ་རྣམས་རེག་པ་དང་། ཡིད་ཀྱི། ས་ཆོས་རྣམས་རྣམ་པར་ཤེས་པའི་སེམས་པ་གང་ཡིན་པ་ནས། སེམས
254a6 མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདྲ་ནི་དགེ་བའི་སེམས་པ་ཞེས་བྱའོ།། གཞན་ཡང་ཡོངས་སུ་ཟིན་ད་པ་མ་ཡིན་པས་བསམ་གཏན་བཞི་དང་། གཟུགས་མྱེད་པ་བཞི་སྒོམ
254a7 པའི་སེམས་པ་གང་ཡིན་པས་ན།། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ།། གཞན་ཡང་སྲོག་གཅོད་པ་སྤངས་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས
254a8 པར་ལྡན་པ་དང་། མ་བྱིནད་པར་ལེནད་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་ཏུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཅིག་ཀྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་སྤངས་པ་དང་། ཡང་དག
254a9 པའི་ལྟ་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པའི་སེམས་པ་གང་ཡིན་པ་ནས། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་ཀྱི་བར་དུ་སྦྱར་ཏེ། འདི་ནི་དགེ་བའི་སེམས་པ་ཞེས་བྱའོ།། གཞན་ཡང་ཁྲོ་བ་མྱེད།