e-texts navigator
Collection
Volume
Page
Wylie

253b1 ལ་རཀ་ལས་ལ། སེམས་ལ་རྟེན་ནས་དབང་བྱེད་དོ།། ལུས་འདིས་སྔོན་སྡིག་པ་མྱི་དགེ་བའི་ལས་བྱས་ཤིང་བསགས་པ། མྱི་དགེ་བ་སྡུག་བསྔལ་བ་སྐྱེད་པ། རྣམ་པར་སྨྱིནད་པ་སྡུག་བསྔལ་བ་གང་ཡིན་པ་དེ་དག་ཐམས་ཅད་འདིར་མྱོང
253b2 བར་འགྱུར་ཏེ། དེ་ཚེ་འདི་ཉིད་ལ་མྱོང་བར་འགྱུར་ཏེ། སྐྱེས་པའི་འོག་དང་། ལན་གྲངས་གཞན་ལ་མ་ཡིན་ནོ།། དགེ་སློང་དག། དེ་ལྟར་བྱམས་པའི་ཏིང་ངེ་འཛིནད་བསྒོམས་པ་ནི། གལ་ཏེ་འོག་དུ་རྟོགས་པར་མ་བྱས་ན་ཡང་ཕྱིར་མྱི
253b3 འོང་བར་གནས་པར་འགྱུར་རོ།། དགེ་སློང་དག་གཞན་ཡང་ཟོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་ནི། སུས་ཀྱི་ལས་ཀྱི་དགེ་བ་སྤངས་ནས་ཞེས་བྱ་བ་ནས་རྒྱས་པར་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང
253b4 ལྡན་པ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དེ་སྐད་ཅེས་བཀའ་སྩ་ལ་ཏོ།། ཆེད་དུ་བྱས་པ་ཞེས་བྱ་བ་དེ་ལ་སེམས་པའི་ལས་དང་། བསམས་པའི་ལས་དང་གཉིས་ཡོད་དོ།། སེམས་པའི་ལས་གང་ཞེ་ན་སྨྲས་པ། སེམས་དང་། མངོན་པར
253b5 སེམས་པ་དང་། སེམས་པར་གྱུར་པ་དང་། སེམས་པར་རྟོགས་པ། དང་། སེམས་མངོན་པར་འདུ་བྱེད་པ་དང་། ཡིད་ཀྱི་ལས་གང་ཡིན་པ་འ། དི་ནི་སེམས་པའི་ལས་ཤེས་བྱའོ།། བསམས་པའི་ལས་གང་ཞེ་ན།
253b6 སྤྲས་པ་བསམ་པའི་ལུས་ཀྱི་ལས་དང་། བསམ་པའི་ངག་གི་ལས་འདི་ནི་བསམ་པའི་ལས་ཤེས་བྱའོ།། དེ་ལ་སེམས་པའི་ལས་ནི་འདས་པ་ཡང་ཡོད་དོ།། མ་འོངས་པ་ཡང་ཡོད་དོ།། ད་ལྟར་བྱུང་བ་ཡང་ཡོད་དོ།།
253b7 སེམས་པའི་ལས་འདས་པ་གང་ཞེ་ན་སྨྲས་པ་སེམས་པ་གང་སྐྱེས་པ་དང་། ཡང་དག་པར་སྐྱེས་པ་དང་། བྱུང་བ་དང་། གྲུབ་པ་དང་། མངོན་པར་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། བྱུང་བར་གྱུར་ནས། མངོན་པར་འདས་པ་དང་། ཟད་པ
253b8 དང་འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུརྡ་པ་དང་། འདས་པ་དང་། འདས་པའི་ཆར་གཏོགས་པ་དང་། འདས་པའི་དུས་ཀྱིས་བསྡུས་པ་འདི་ནི་སེམས་པའི་ལས་འདས་པའོ།། སེམས་པའི་ལས་མ་འོངས་པ་གང་ཞེ་ན། སྨྲས་པ་སེཾས
253b9 པའི་ལས་གང་མ་སྐྱེས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་བྱུང་བ་དང་། ཡང་དག་པར་མ་བྱུང་བ་དང་། ད་དུང་མ་ཕྱིནད་པ་དང་། མངོན་པར་མ་གྲུབ་པ་དང་། མ་བྱུང་བ་དང་། མ་འོངས་པ་དང་། མ་འོངས་པའི་ཆར་བཏགས་པ་དང་། མ་འོངས་པའི་དུས་ཀྱིས




iiif viewer powered by OpenSeadragon

253a - 254a

Texts on this page

Ng19.7 - las gdags pa