e-texts navigator
Collection
Volume
Page
Wylie

252b1 མྱི་བདེན་པ་སྨྲ་བ་དང་། ཕན་པ་མ་ཡིན་པ་སྨྲ་བ་དང་། སྐུར་པ་སྨྲ་བ་དང་། ཆོས་མ་ཡིན་པ་དང་། གྱ་ཙོམ་དུ་སྨྲ་ཞིང་བབ་ཚོལ་གྱི་ཚིག་སྦ་བ་དང་། གཏན་ཚིགས་མྱེད་པ་དང་། སྙད་མྱེད་པ་དང་། དོན་དང་མྱི་ལྡན་པ་དང་། འཆལ
252b2 བ་རྣམས་ནི་ཚིག་ཀྱལ་པ་མ་སྤངས་པ་ཡིན་ནོ།། དགེ་སློང་དག་དེ་ལྟར་ན་ངག་གིས་ཆེད་དུ་བྱས་པའི་ལས་རྣམ་པ་བཞི་བྱས་ཤིང་བསགས་པ། མྱི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར་སྦྱིནད་པ་སྡུག་བསྔལ་བ་ཡིན་ནོ།།
252b3 དགེ་སློང་དག། ཡིད་ཀྱིས་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་མྱི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར་སྐྱེནད་པ་སྡུག་བསྔལ་པོ་ཇི་ལྟ་བུ་ཞེ་ན། བནཔ་སེམས་མེ་ཕ་རོལྡ་ཀྱི་རྫས་རྣམས་དང་། ཕ་རོལ
252b4 གི་ནོར་རྣམས་དང་། ཕ་རོལ་ཀྱི་ཡོ་བྱད་རྣམས་མཐོང་ན། བརྣ་བ་སེམ་ས་སྐྱེད་པར་བྱེད་དེ། ཀྱེ་མ་འདི་དག་བདག་ལ་ཡོད་ཀྱང་ཅི་མ་རུང་སྙམ་སྟེ། བརྣབ་སེམས་མ་སྤངས་པ་ཡིན་ནོ།། གནོད་སེམས་ཀྱིས་སྡང་བར
252b5 བྱེད་པ་ནི། ཀྱེ་མ་སེམས་ཅན་འདི་དག་བརྒྱབ་ཀྱང་རུང་ངོ་།། བསད། དང་རུང་ངོ་།། ཉམས་པར་བྱས་དང་རུང་ངོ་།། མྱི་རིགས་པར་སྟོན།། སྤོངས་དང་རུང་ངོ་སྙམ་པ་ནི། གནོད་སེམས་ཀྱི་སྡང་བ་མ་སྤངས་པ
252b6 ཡིན་ནོ།། ལོག་པར་ལྟ་བ་ནི་ཕྱིན་ཅི་ལོག་ཏུ་ལྟ་ཞིང་འདི་ལྟར་ལྟ་ལ་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མྱེད་དོ།། མཆོད་སྦྱིན་མྱེད་དོ།། སྦྱིན་བསྲེག་མྱེད་དོ།། ལེགས་པར་སྤྱད་པ་མྱེད་དོ།། ཉེས་པར་སྤྱད་པ་མྱེད་དོ།།
252b7 ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨྱིནད་པ་མྱེད་དོ།། འཇིག་རྟེན་འདི་མྱེད་དོ།། འཇིག་རྟེན་ཕ་རོལ་མྱེད་དོ།། པ་མྱེད་དོ།། མ་མྱེད་དོ།། སེམས་ཅན་སྐྱེ་བ་པོ་མྱེད་དོ།། འཇིག་རྟེན
252b8 ན་དགྲ་བཅོམ་པ་ཡང་དག་པར་སོང་བ་ཡང་དག་པར་ཞུགས་པ་གང་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ཚེ་འདི་ཉིད་ལ་བདག་ཉིད་ཀྱི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་ཁོང་དུ་ཆུད་དེ་བདག་ཅག་ཀྱི་སྐྱེ་བ་ཟད
252b9 །། ཚངས་པའི་སྤྱད་པ་བསྟེནད་ཏོ།། བྱ་བ་བྱས་སོ།། འདི་ལས་སྲེད་པ་གཞན་གྱི་ཤེས་སོ་སྙམ་དུ་སེམས་པ་བྱེད་དོ།། ཞེས་བྱ་བ་ནི་ལོག་པར་ལྟ་བ་སྤངས་པ་ཡིན་ནོ།། དགེ་སློང་དག་དེ་ལྟར་ན་ཡིད་ཀྱིས་ཆེད་དུ་བྱས་པའི་རྣམ་པ




iiif viewer powered by OpenSeadragon

252a - 253a

Texts on this page

Ng19.7 - las gdags pa