| e-texts navigator |
| Wylie |
252a1 རུང་རྒྱལ་པོའི་ཕོ་བྲང་གི་ནང་ན་འདུག་ཀྱང་རུང་། གཉེན་གི་ཁྱིམ་གི་ནང་ན་འདུག་ཀྱང་རུང་། ཆེ་བཞིར་དྲིས་ཏེ། ཀྱེ་མྱི་ཁྱོད་གང་ཤེས་པ་གང་ཤེས་པ་དེ་ནི་སྨྲོས་ཤིག་གང་མྱི་ཤེས་པ་དེ་ནི་མ་སྨ་ཤི་གང་མཐོང་བ་དེ་ནི་སྨོས་ཤིག།
252a2 གང་མ་མཐོང་བ་དེ་ནི་མ་སྨྲ་ཤིག་ཅེས་བྱས་ན། དེ་མྱི་ཤེས་བཞིན་དུ་ནི་ཤེས་སོ་ཞེས་ཟེར། མཐོང་བཞིན་དུ་ནི་མྱི་ཤེས་སོ་ཞེས་ཟེར། མ་མཐོང་བཞིན་དུ་ནི་མཐོང་ངོ་ཞེས་ཟེར། མཐོང་བཞིན་དུ་ནི་མ་མཐོང་ངོ་ཞེས་ཟེར་ཏེ། དེ་བདག་གི
252a3 ཕྱིར་རམ། གཞན་གི་ཕྱིར་རམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་བཞིན་དུ་བརྫུན་ཏུ་སྨྲ་བ་མ་སྤངས་པོ་ཡིན་ནོ།། ཕྲ་མ་ཟེར་བ་ནི་ཚུ་རོལང་པོ་རྣམས་ཀྱིས་ཐོས་ནས། དེ་དག་དབྱེ་བའི་ཕྱིར་ཕ་རོལ་པ་རྣམས་ཀྱི་ཐད་དུ་སོང་སྟེ།
252a4 བསྙད་ལ་དེ་དག་གི་ཐོས་ན་ཡང་ཚུ་རོལ་པོ་རྣམས་དབྱེ་བའི་ཕྱིར། ཚུ་རོལ་ད་པ་རྣམས་ཀྱི་ཐད་དུ་སོང་སྟེ། བསྙད་པར་བྱེད་དེ། དེ་ལྟར་འདུམ་པ་རྣམས་དབྱེ་བ་དང་། བྱེ་བ་རྣམས་ལ་རྗེ་སུ་ཕྱོགས་ལ། མྱི་འཐུན་པར་འདོད་ཅིང
252a5 མྱི་མཐུན་པར་དགའ་སྟེ། མྱི་མཐུན་པར་འགྱུར་བའི་ཚིག་སྨྲ་བ་ནི་ཕྲ་མ། མ་སྤངས་པ་ཡིན་ནོ།། ཚིག་རྩུབ་པོར་སྦ་བ་ནི། དེས་ཚིག། འཇམ་ཞིང་རྣར་སྙན་ལ་ཡིད་དུ་འོང་བ་དང་། སྙནད་པ་དང་། འདོད
252a6 པར་བྱ་བ་དང་། ཕྲོ་བྲང་འཁོར་ཀྱི་སྐད་དང་། སྙན་ཅིང་འཇེབས་པ་དང་། ཟུར་ཕྱི་ནད་པ་དང་། བརྡ་ཕྲད་པ་དང་། ནེར་འོང་བ་དང་། སྐྱེ་བོ་མང་པོའི་སྙན་དུ་སྡུག་པ་དང་། སྐྱེ་བོ་མང་པོས་གཅེས་པར
252a7 བྱ་བ་དང་། སྐྱེ་བོ་མང་པོ་དག་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཉམ་པར་བཞག་པ་དང་། ཏིང་ངེ་འཛིནང་དུ་འགྱུར་བ་གང་ཡིན་པ་དེ་དག་དང་། དེས་བུའི་ཚིག་བོར་ཏེ། ཚིག་ཀུན་ཏུ་ཐུག་པ་དང་། མུབ་པ་དག་གའ
252a8 མྱི་བཟོད་པ་དང་། གཞན་གི་ཞེར་འདེབས་པ་དང་། སྐྱེ་བོ་མང་པོའི་སྙིང་དུ་མྱི་སྡུག་པ་དང་། སྐྱེ་བོ་མང་པོས་གཅེས་པར་མྱི་བྱ་བ་དང་། སྐྱེ་བོ་མང་པོའི་མྱི་དག་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་མྱི་འོང་བ་དང་། མཉམ་པར་གཞག་པ
252a9 མ་ཡིན་པ་དང་། ཏིང་ངེ་འཛིནད་ཏུ་འགྱུར་བ་མ་ཡིན་པ་རྣམས་ཏེ། དེ་ལྟ་བུའི་ཚིག་རྣམས་སྨྲ་བ་ནི་ཚིག་རྩུབ་པོ། མ་སྤངས་པ་ཡིན་ནོ།། ཚིག་ཀྱལ་བ་ནི་དེ་དུས་མ་ཡིན་པར་སྨྲ་བ་དང་། ཡང་དག་པ་མ་ཡིན་པ་སྦ་བ་དང་།