| e-texts navigator |
| Wylie |
251b1 སུ་མྱོང་བར་སྟོན་ཏེ། དེ་ཡང་ཚེ་འདི་དང་། སྐྱེས་པའི་འོག་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་རོ།། དགེ་སློང་དག། དེ་ལ་ལུས་ཀྱིས་ཆེད་དུ་བྱས་པའི་ལས་བྱས་ཤིང་བསགས་པ་མྱི་དགེ་སྡུག་བསྔལ་སྐྱེད་པ། རྣམ་པར
251b2 སྦྱིནད་པ་སྡུག་བསྔལ་བ་ནི་རྣམ་པ་གསུམ་མོ།། ངག་ནི་རྣམ་པ་བཞིའོ།། ཡིད་ཀྱི་ནི་རྣམ་པ་གསུམ་མོ།། དགེ་སློང་དག། ལུས་ཀྱིས་ཆེད་དུ་བྱས་པའི་ལས་བྱས་ཤིང་བསགས་པ།། མྱི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར
251b3 སྦྱིནད་པ་སྡུག་བསྔལ་བ་རྣམ་པ་གསུམ་ཇི་ལྟ་བུ་ཞེ་ན། སྲོག་གཅོད་པ་ནི་དྲག་ཅིང་ལག་དམར་བ། བསད་པ་དང་རབ་ཏུ་བསད་པ་ལ་ཞེ་ནད་པ། ངོ་ཚ་མྱེད་པ་དང་། སེམས་ཅན་ལ་ཟ་ན་སྲོག་ཆགས་སུ་གྱུརྡ་པ་ཐམས་ཅད་ལ་ཐ་ན་སྲོག
251b4 ཆགས་གྲོག་སྦུར་ཡན་ཆད་ལ་སྙིང་རྗེ་མྱེད་པ་ཡིན་ཏེ། དེ་ནི་སྲོག་གཅོད་པ་མ་སྤངས་པ་ཡིན་ནོ།། མ་བྱིན་པར་ལེནད་པ་ནི་དེས་གྲོང་ངམ་རྒོན་པ་ན་མ་བྱིན་པར་རྐུན་ཐབས་སུ་བླངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་མ་སྤངས
251b5 པ་ཡིན་ནོ།། འདོད་པ་ལ་ལོག་པར་གཡམ་པ་ནི་གཞན་གི་བུད་མྱེད།། གཞན་གིས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། མས་བསྲུངས་པ་འམ་ཕས་བསྲུངས་པ་འམ་མྱིང་པོས་བསྲུངས་པ་འམ། ཕུ་ནུ
251b6 མོས་བསྲུངས་པ་འམ། སྒྱུག་མོས་བསྲུངས་པ་འམ། གྱོས་པོས་བསྲུངས་པ་འམ། རིགས་གཅིག་པས་བསྲུངས་པ་འམ། གཉེན་ཀྱིས་བསྲུངས་པ་འམ། རུས་གཅིག་པས་བསྲུངས་པའམ
251b7 ཅད་པ་ཡོད་པ་འམ། བགེགས་ཡོད་པ་གང་ཡིན་པ་དེ་དག་དང་། པ་ན་མེ་ཏོག་གི་འཕྲེང་བ་བཏགས་ཡང་རུང་སྟེ། དེ་ལྟ་བུའི་འདོད་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་སྤྱོད་པ་ལ་འཇུག་པ་ཡིན་ཏེ། དེ་ནི་འདོད་པ་ལོག་པར་གཡེམ
251b8 པ་མ་སྤངས་པ་ཡིན་ནོ།། དགེ་སློང་དག་དེ་ལྟར་ན་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ། མྱི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར་སྦྱིན་པ་སྡུག་བསྔལ་བ་ཡིན་ནོ།། དགེ་སློང་དག་ངག་གིས་ཆེད་དུ
251b9 བྱས་པའི་ལས་རྣམ་པ་བཞི་བྱས་ཤིང་བསགས་པ་ཀྱི་དགེ་བ་སྡུག་བསྔལ་བསྐྱེད་པ། རྣམ་པར་སྦྱིནད་པ་སྡུག་བསྔལ་བ་འི་ལྟ་བུ་ཞེ་ན། བརྫུན་ཏུ་སྨྲ་བ་ནི་དེ་ཚོགས་པའི་ནང་ན་འདུག་ཀྱང་རུང་། འཁོར་ཀི་དང་ན་འདུག་ཀྱང