e-texts navigator
Collection
Volume
Page
Wylie

249a1 པའི་ཡེ་ཤེས་སུ་འགྱུར་རོ།། སྔོན་གྱི་སྔོན་ལམ་ལ་གནས་པ་ནི་མ་གཏོགས་ཏེ་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱས་པ་ཕྱོགས་གཅིག་བཅད་པར་བྱའོ།། གལ་ཏེ་སྟོང་གསུམ་ཀི་སྟོང་ཆེན་པོ་ལི་འཇིག་རྟེན་ཀི་ཁས།
249a2 འདིའི་སེམས་ཅན་ཡོངས་སུ་གང་ཐམས་ཅད་དམྱལ་བ་ཆེན་པོར་ལྟུང་ལ། དེ་ལ་སྐྱེས་བུ་གཅིག་གིས་འདི་སྐད་དུ་དེ་དག་ལ་ཁྱེད་རྣམས་མ་འཇིགས་ཤིག། ཁྱེད་རྣམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཀུན་སོ་སོ།།
249a3 ནས་ངས་བླང་ངོ་།། ཞེས་སྨྲས་ཏེ་སེམས་ཅན་དེ་དག་ནི་དམྱལ་བ་ཆེན་པོ་ལས་ཐ་ར་ལ་དེ་དག་གི་དམྱལ་བའི་སྡུག་བསྔལ་ཀུན་སོ་སོར་རེ་རེ་ནས་ལོ་བརྒྱ་སྟོང་གི་བར་དུ་ལུས་ཀྱིས་བླངས་ན། དགའ་བོ་དེ་ཁྱེད་ཀྱིས་ཡིད་ལ་ཇི
249a4 སྙམ་སྐྱེས་བུ་དེས་ཤི་ནང་ཏུ་བདེ་བ་ཆེན་པོ་དང་ཕན་པ་ཆེན་པོ་བྱས་པ་ཡིན། ནམ། དགའ་བོས་གསོལ་ད་པ། བཅོམ་ལྡན་འདས་དེ་ནི་ཤི་ན་ཕན་པ་ཆེན་པོ་དང་བདེ་བ་ཆེན་པོ་བགྱིད་པ་ལགས་སོ།། དགའ་བོ་སྐྱེས
249a5 བུ་དེས་སེམས་ཅན་དེ་དག་དམྱལ་བ་ལས་ཕྱུང་ནས་ཀྱང་བདག་གི་མཐུ་རྩལ་གྱིས་ཐམས་ཅད་ཐམས་ཅད་འཇིག་རྟེན་གྱི་བདེ་བ་མཆོག་དང་མ་པ་དང་ལྡན་པར་བྱས་ནས། དགའ་བོ་སྐྱེས་བུ་དེས་ཤིན་ཏུ་དྲིན་གྱིས
249a6 པན་གདགས་ཤིང་སེམས་ཅན་དག་ལ་ཤིན་ཏུ་བདེ་བ་བྱིན་ནམ། ལོ་བརྒྱ་སྟོང་གྱི་བར་དུ་བསྒྲུབས་པའི་ཆོས་ཀྱི་དཀོན་མཆོག་གི་སྡེ་སྣོད་འདི་ལྷ་དང་མྱི་རྣམས་ལ་ཤིནད་ཏུ་རྒྱས་པར་ཤོད་ཅིག། དེའི་ཚེ་བཟང་སྤྱོད་ལས་སྲོག
249a7 བསབཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གི་རྔོ་མ་པོག་པ་དང་། བཅོམ་ལྡན་འདས་ཀྱི་བྱི་ནད་ཀྱིས་ཕྱི་མ་མ་མཆིས་པའི་དུས་སུ་ཆོས་ཀྱི་དཀོན་མཆོག་འདི་རྒྱས
249a8 པར་སྟོནོད་ཅིང་བཤད་པར་འཚལ་ལོ་ཞེས་གསོལང་ཏོ།། ཟོས་ཀྱི་ཕྱག་རྒྱའི་མདོ་སྡེ་འདི་གསུངས་པའི་ཚེ་དཔག་ཏུ་མྱེད་གྲངས་མྱེད་པ་སྙེད་སྐྱེ་བ་གཅིག་གིས་སོགས་པའི་བྱང་ཆུབ་སེམས་དཔལ་རྣམས་ནི་དགེ་བའི་རྩ་བ་སྤུན
249a9 ཀྱིས་གྲུབ་བོ།། སེམས་ཅན་ཆད་མྱེད་པ་བརྒྱ་སྟོང་རྣམས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མྱི་ཟ་བར་ལུང




iiif viewer powered by OpenSeadragon

248b - 249b

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo