| e-texts navigator |
| Wylie |
248b1 ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ཀྱིས་བཏད་ཅིང་གདམས་སོ།། གལ་ཏེ་ཉན་ཐོས་པ་ཞིག་གིས་ཆོས་ལལ་མོ་འདི་དག་ལ་དང་ཅིང་ལོག་པའི་སེམས་མྱེད་ན། དེས་གྱི་ས་མ་འོཛེས་པའི་རྒྱས་སུ་ངསངས་རྒྱས་བྱམས་པ་དང་།
248b2 པར་ཟད་པར་འགྱུར་རོ་ཞེས་ངས་ལུས་བསྟན་ཏོ།། སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་གང་ཞིག་ཆོས་འདི་འཛིན་ཅིང་དང་མ། སངས་རྒྱས་བྱམས་པས་ལུང་བསྟན་པར་འགྱུར་ཏེ། སྔོན་གྱི་སྡོམ་ལམ་གྱིས་རབ་ཏུ་འབྱུང་ཞིང་བྱ
248b3 ཆུབ་ཀྱི་རྒྱུད་ཐོབ་པར་འགྱུར་རོ།། དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཕྱི་མའི་མ་འོངས་པའི་དུས་ལྔ་བརྒྱའི་བ་མ་ལ་ཆོས་འདིའི་ཕྱིར་ཞི་ནང་ཏུ་བརྩོན་འགྲུས་བསྐྱེད་མ་སྐྱེས་བུ་དེ་དག་གི་དག་བུའི་རྩ་བཞིན་པཅུ་ནོ་ག་པ་ཅག་འར
248b4 རིག་པར་བྱའོ།། སྔོན་བྱུང་བའི་བསྟནད་པ་ཞེས་བྱའ་བའི་ལེའུ་སྟེ། བཅུ་གཅིག་གོ།། ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་གྱིས་བཅོམ
248b5 ལྡན་འདས་ལ་འདི་སྐད་ཅེས་གསོལ་པ་ཏོ།། བཅོམ་ལྡན་འདས་བྱ།། ང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་པ་དང་། བདེ་བའི་དོན་གྱི་སླད་དུ་མདོ་སྡེ་འདི་བསྐྱབ་པའི་སླད་དུ་བྱིན་གྱིས་བརླབ་ཏུ
248b6 གསོལ་བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན་པོ་ཕྱི་མ་མ་མཆིས་པ་ལི་དུས་སུ་མདོ་སྡེ་འདི་ཐོས་ན་སེམས་ཡོངས་སུ་དག་པ་དང་དགལ་བ་དང་བདེ་བར་ལྡན་ཞིང་ཆོས་འདི་དག་སྒྲུབ་པ་འི་སྲ་བྱ་ནི་ནད་ཏུ་བརྩོན་འགྲུས
248b7 རྩོམ་པར་འགྱུར་རོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་བྱིམ་གྱིས་བརླབ་པའི་ཕྱིར་རྫུ་འཕྲུལ་གྱི་མབུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ཉེན་གྱི་ཁམས་འདི་དྲི་བ་དང་གསུང་པོ་མཚར་ཆད་དང་ལྡན་པ་ཡོངས་སུ་ཁྱབ་པར་གྱུར།
248b8 ཏེ། སེམས་ཅན་རྣམས་གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་ལྟ་བས་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ལྟར་བྱིན་གྱིས་རླབས་ནས་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇིག་རྟེན་འཛིནད་ངས་ཆོས
248b9 ཀྱི་ཕྱག་རྒྱའི་མདོ་སྡེ་འདི་བྱིན་གྱིས་བརླབས་པ་ནི་ཐམས་ཅད་ཀྱི་ཐེ་ཙོམ་བཅད་པའི་ཕྱིར་རོ།། འཇིག་རྟེན་འཛིན་གང་ཞིག་གིས་མདོ་སྡེ་འདི་འཆང་ངམ་འཛིནད་ཏམ་ཀློག་གམ་འདོན་ན་རིང་པོ་མྱ་ཐོགས་པར་ཐམས་ཅད་མཁྱེན