| e-texts navigator |
| Wylie |
248a1 མཐུ་དང་། བདེ་བའི་རྒྱུ་དང་རྐྱེནད་ཀྱིས་སྐྱེ་བོ་མང་པོ་ངན་སོང་གསུམ་དུ་མྱི་ལྷུང་ཞིང་དེ་མ་ཡིན་པ་སེམས་ཅན་ཆད་མྱེད་པ་བརྒྱ་སྟོང་རྣམས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བཀོད་དོ།། དགའ་བོ་སངས་རྒྱས
248a2 སྟོང་དུ་མ་རྣམས་ཀྱིས་རིགས་ཀྱི་བུ་དེ་དག་གི་ཡོན་ཏན་བརྗོད་ཀྱང་རྫོགས་པར་མྱི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་དག་ལས་སྩོགས་པས་དེ་ལྟ་བུའི་ཡོན་ཏན་བསམ་གྱིས་མྱི་ཁྱབ་པ་དང་ལྡན་པའི་ཕྱིར་རོ།།
248a3 དགའ་བོ་ངས་བསྐལ་པ་གྲངས་མྱེད་ཆད་མྱེད་པ་བརྒྱ་སྟོང་གྱི་བར་དུ་ཆོས་ཡོངས་སུ་བསྒྲུབས་པ་རྣམས་རིགས་ཀྱི་བུ་འདི་དག་གིས་བསྲུང་ཞིང་འཛིནད་པར་འགྱུར་ཏོ།། དགའ་བོ་ངས་བསྐལ་པ་ཞི་བྲག་ཆད་མྱེད་པའི་བར
248a4 ཏུ་ཆོས་དཀོན་མཆོག་སྒྲུབ་པའི་རྣམས་འདི་དག་ལ་བཏད་ཅིང་གདམས་སོ།། རིགས་ཀྱི་བུ་འདི་དག་ནི་སངས་རྒྱས་ཀྱི་ཞིང་ཆད་མྱེད་གྲངས་མྱེ་ད་པ་ན་ད་ལྟ་ཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ཕྱིར་རོ།
248a5 དགའ་བོ་རིགས་ཀྱི་བུ་དེ་དག་ལ་རྟག་ཏུ་ལྷ་དང་མྱི་དང་འཇིག་རྟེན་དུ།། བཅས་པ་ཐམས་ཅད་ཀྱིས་ཕྱག་བྱ་བའི་གནས་ཡིན་ནོ།། དགའ།། བོ་སྐྱེས་བུ་དག་ལ་ནི་ཕྱོགས་བཅུའི་སངས་རྒྱས་སྟོང་སྙེད་ཀྱང་ཆོས་གསུམ
248a6 བའི་ཚེ་རྟག་པར་བསྔགས་ཤིང་གསུངས་སོ།། དགའ་བོ་ངས་ངེས་པ་ར་ལུང་བསྟནད་ཏེ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་བཅད་པའི་ཕྱིར་ག་བ་ཞིག་གིས་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདི་འཆང་བ་དང་།
248a7 འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། གཞན་ལ་རྒྱ་ཆེར་སྟོན་ཅིང་འཆད་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་ནི་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ལ་ཤི་ནད་ཏུ་ཉེ་བར་བསྙེམ་པ་ཡིན་པར་རིག
248a8 པར་བྱའོ།། སྐྱེས་བུ་གང་ཞིག་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདི་བོས་ནས་ཤི་ནད་ཏུ་ཟབ་མོའི་ཆོས་འདི་ལ་དང་ཅིང་མོས་སྟེ་ཡི་དམ་བཅས་མངས་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟནད་པར
248a9 བྱའོ།། ཕྱིམ་མ་འོངས་པའི་ཆུས་ལྔ་བརྒྱའི་ལམ་མ་དང་ཅིང་མོས་པའི་སེམས་སྐྱེས་ཏེ། བསོད་འགྲུས་ཞི་ན་བྱ་བ་རྩམས་ནས་མདོ་སྡེ་འདི་སྲུང་ཞིང་འཇིས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་པངས་ཟན་བྱེད་པ