| e-texts navigator |
| Wylie |
247b1 བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་གདུང་རྒྱུན་མྱི་འཆད་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཀྱི་གཏུང་བསྐྱབ་ཅིང་བསྲུང་བའི་ཕྱིར་འཇིག་རྟེན་ན་གནས་སོ།། དགའ་བོ་སྐྱེས་བུ་དེ་དག་སྔོན་འདས་པའི་དུས་ན། བྱང།
247b2 ཆུབ་སེམས་དཔའ་སྤྱད་པ་སྤྱོད་པ་མ་བསྐལ་པ་བྱེ་བ་ཞག་ཞིག་བརྒྱ་སྟོང་ཀྱི་བར་དུ་སངས་རྒྱས་རྒྱུན་གྱི་ཆང་པར་བྱེད་པ་དང་མ་འོངས་པའི་དུས་སུ་ཡང་བསྐལ་པ་ཆད་མྱེད་པ་ཞག་ཁྲིག་བརྒྱ་སྟོང་གྱི་བར་བྱ་སངས་རྒྱས་རྒྱུན་མྱི་ཆད་པར།
247b3 བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཚད་མྱེད་པ་རྣམས་སངས་རྒྱས་ཀྱི་ཞིང་བྱང་ཆུབ་ལ་བཅུད་དེ། བྱང་ཆུབ་སེམས་དཔའ་དེ་རྣམས་སྐྱེ་བ་བམས།
247b4 ཅད་ཏུ་ཆོས་ཡོངས་སུ་བསྒྲུབས་ནས། སངས་རྒྱས་ཞི་ཕྲག་བརྒྱ་སྟོང་རྣམས་ཐ་ན་མྱེད་པ་ཡང་དག་པམ་རྫོགས་པའི་བྱང་ཆུབ་ལྷུན་གྱིས་གྲུབ་བར་བྱས་སོ།། དེ་ནས་ཀྱང་སེམས་ཅན་གྲངས་མྱེད་པ་བརྒྱ་སྟོང་རྣམས
247b5 སངས་རྒྱས་ཀྱི་བྱང་ཆུབ་ལ་བཅུད་དེ་བསྟནད་ཅིང་བསླབ་པའི་མཐུས་ས། ངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་ན་ཐམས་ཅད་བླ་ན་མྱེད་པ་ཡང་། དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ།། དགའ་བོ་བཟ
247b6 སྤྲོ་བ་ལ་སོགས་པ་སྐྱེ་བོ་མང་པོ་ལ་སངས་རྒྱས་བདེ་བ་དང་། ཐམས་ཅད་མཁྱེནད་པའི་བདེ་བ་སྟོབས་པའི་ཕྱིར་ཤིནད་ཏུ་བརྩོན་འགྲུས་རྩོམ་མོ།། དགའ་བོ་དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའི་ཕ་དང་མ་ལྟ་བུ་དང་གནས
247b7 དང་། སྐྱབས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱུང་གནས་གང་ཡིན་པ་བཤད་པར་འདོད་མ། བཟང་སྐྱོད་ལས་སྩོགས་པ་བྱང་ཆུབ་སེམས་དཔལ་བརྒྱ་པོ་ཡིན་པར་རིག་པར་བྱའོ།། དགའ་བོ་དེ་ལ་གང་ཞིག་བྱང་ཆུབ་སེས།
247b8 དཔའ་རྣམས་ཀྱི་རིགས་སྐྱེ་བར་འགྱུར་ཞེས་འདྲི་ན་དེ་དེ་ལ་འདི་སྐད་དུ་བའང་སྤྱོབ་ལ་གྲོགས་པ་བྱང་ཆུབ་སེམས་བརྒྱ་པོ་ཡིན་ནོ།། ཞེས་བཤད་པར་བྱའོ།། དེ་ལྟར་རིགས་ཀྱི་དེ་དག་ནི་སངས་རྒྱས་ཀྱི་གདུང་རྒྱུན་མྱི་འཆང་བ་དང་།
247b9 ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གདུང་རྒྱུན་གྱི་ཆད་པར་བྱེད་པའི་ཕྱིར་འཇིག་རྟེན་ན་གནས་སོ།། རིགས་ཀྱི་བུ་དེ་དག་ལས་སོགས་པས་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་པ་མར་ཡང་བརྒྱན་ཅིང་བསླབས་པ་ལ་སྦྱོར་བའི།