| e-texts navigator |
| Wylie |
247a1 འདི་གསུངས་པ་ནི་སེམས་ཅན་ཐམས་ཅད་ཕྱི་མ་མ་འོངས་པའི་སྐྱེ་བོ་མང་པོའི་ཐེ་ཙོམ་གཅད་པའི་ཕྱིར་རོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕན་པའི་དངོས་པོ་བཞི་མཐོང་བས་མ
247a2 འོངས་པའི་དུས་སུ་མདོ་སྡེ་འདི་ལ་སོགས་པ་བསྲུང་བ་དང་འཛིནད་པར་ཡི་དམ་ལེ་ནད་ཏོ།། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་འདི་སྙམ་ཏུ་བདག་གིས་མྱུར་དུ་ཡོན་ཏན་ཚད་མྱེད་དཔག་ཏུ་མྱེད་པ་ཐོབ་པར་འགྱུར
247a3 སྙམ་དང་སེམས་ཅན་རྣམས་དགེ་བའི་རྩ་བ་ཆེན་པོ་སྐྱེ་ཞིང་སངས་རྒྱས་ཀྱི་ཡང་དག་པའི་ཆོས་འཛིནད་ཅིང་བསྲུང་བ་ཡིན་ནོ།། སྙམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྡེ་སྡོད་འཛིན་པ་ཡིན་ནོ།། སྙམ་པ་དང་། སངས་རྒྱས་ཚད་མྱེད་པ
247a4 རྣམས་ཀྱིས་བསྟོད་ཅིང་བསྔགས་པར་འགྱུར་རོ་སྙམ་སེམས་པ་དང་བཞིའོ།། འཇིག་རྟེན་འཛིནད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བོས་གསོལ་པ། སྐྱེས་བུ་དེས་ཕན་པར་བགྱིས་པ་ནི་ཚིག་གིས་བརྗོད་པར་སྐབ
247a5 མ་ལགས་སོ།། དགའ་བོསངས་དེང་བདེན་པར་གསུངས་ཏེ། བྱང་ཆུ།། བ་སེམས་དཔའ་བཟང་སྤྱོད་ལ་སྩོགས་པས་སེམས་ཅན་ལ་ཕན་པ། དང་བདེ་བའི་དོན་བྱས་པའི་གན་ན་སྐྱེས་བུ་དེས་ཕན་པ་དང་བདེ་བའི་དོན་བྱས
247a6 བ་ནི་རྩིས་སམ་བགྲང་བའམ་དཔེའི་བར་དུ་ཡང་ཉེ་བར་མྱི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་སྐྱེས་བུ་དེས་བདེ་བའི་ཡོ་བྱད་ཀྱིས་ཕན་པ་བྱས་པ་ནི་ཐམས་ཅད་ཀྱང་འདུས་བྱས་ཀྱི་ཆོས་དང་འབྲེལ་པ་ཡིན་པས་སྐྱོ་ཞིང་ཆོ་ག་ཤེས
247a7 བའི་ཕྱིར་མ་ཡིན་འདོད་པ་སྤངས་པའི་ཕྱིར་མ་ཡིམ་པར་ཤེས་རབ་ཀྱི་ཕྱིར་མ་ཡིན་དགེ་སྦྱོང་གི་འབྲས་བུའི་ཕྱིར་མ་ཡིན། མྱ་ངམ་ལས་འདས་པའི་ཕྱིར་མ་ཡིན་མོ།། དགའ་པོ་བྱང་ཆུབ་སེམས་དཔལ་དེ་དག་གིས་སེམས་ཅན་དག་ལ་ཕམ་པ
247a8 དང་བདེ་བའི་དོན་བྱས་པ་ནི་ཐ་མ་མྱེད་པའི་བདེ་བ་དང་མཁས་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ཅོལ་བ་ལ་མོས་པ་བྱིན་པ་སངས་རྒྱས་ཀྱི་མངང་བབྱེད་པ་ཡང་དག་པའི་གནས་སུ་མ་རུང་བ་དག་ཉན་པོས་དང་རང་སངས་རྒྱས་ཀྱིས་ཡོབ་པར
247a9 འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟནད་ཅིང་གསུངས་པས་ཕན་པ་དང་དགའ་བར་འགྱུར་རོ།། དགའ་བོ་བྱང་ཆུབ་སེམས་དཔལ་རྣམས་བསྟནད་ཅིང་བརྗོད་དེ་ཕན་པ་དང་དགལ་བར་བྱས་པས།