e-texts navigator
Collection
Volume
Page
Wylie

246b1 ལྔ་ལ་སྦྱོར་བ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་དྲན་པ་ཉེ་བམ་གཞག་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཇིག་རྟེན་དང
246b2 འཇིག་རྟེན་ལས་འདས་པའི་ཆོས་དང་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་ཐོབ་པར་འགྱུར་རོ།། གཞན་ཡང་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་མྱུར་ཏུ་ཐོབ་པར་འགྱུར་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ
246b3 པར་འབྱེད་པ་ལ་མཁས་པ་མྱུར་ཏུ་ཐོབ་པ་དང་། དྲན་པའི་སྟོབས་མྱུར་ཏུ་ཐོབ་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་མྱུར་དུ་ཐོབ་པ་དང་། གཞན་ཡང་ལུས་འདི་རྗེས་ཀྱང་དྲན་པ་རྒྱུན་མྱི་ཆད་པ
246b4 དང་ལྡན་པ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མྱུར་དུ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་མོད་སྡེ་འདི་ནི་ཕྱི་མ་མ་འོངས་པའི་དུས་སུ་སྐྱེ་བོ་མང་པོ་ལ་ཆོས་ཆེན་པོའི་སྣང་བ
246b5 བྱེད་ཅིང་ཡེ་ཤེས་འོད་ཀྱི་བསོད་ནམས་ཀྱི་རྒྱུ་དང་རྐྱེནད་ཏུ་འགྱུར་རོ།། ག་ཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མྱེད་པ་ཡང་དག། པར་རྫོགས་པའི་བྱང་ཆུབ་ཏུ་ཚོགས་ཡོངས་སུ་རྫོགས་པར་འགྱུར
246b6 རོ།། འཇིག་རྟེན་འཛི་ནང་བྱང་ཆུབ་སེམས་དཔའ་གང་ཞིག་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་ཟབ་མོ་གཞན་བྱང་ཆུབ་ཀྱི་སྡེ་སྡོད་དྨ་གཏོགས་པ་ཕ་རོལ་ཏུ་ཕྱིནད་པ་རྣམས་དང་ལྡན་པར་དང་ཕྲང་ན། སྐྱེས་བུ་དེ་ལ་བརྒྱད་ཀྱིས
246b7 བར་དུ་མྱི་གཅོད་ཅིང་ལས་ཀྱི་སྒྲིབ་པས་ཀྱང་རབ་ཏུ་གཅོད་པར་མྱི་འགྱུར་རོ།། འཇིག་རྟེན་འཛིན་སྐྱེས་བུ་དེ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་མ་ཁོབ་པ་ཞིག་ན་ཡང་སངས་རྒྱས་གཉིས་སམ་སངས་རྒྱས་གསུམ་ལོ་ལས་མ
246b8 སྐྱེས་པའི་ཆོས་ཀྱི་བཟོད་པར་འགྱུར་བ་མངས་ལུང་བསྟན་དུ་ཏོ།། གལ་ཏེ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཡོབ་པ་ཞིག་ན། ཡང་ཆོས་ཐམས་ཅད་ལ་མྱུརབ་ཏུ་དབང་ཐོབ་པར་འགྱུར་བ་དང་། མྱུར་གྱི་སངས་རྒྱས་ཀྱི་འང
246b9 རྣམ་པར་དག་པ་ཐོབ་པ་དང་། མྱུར་ཅུ་ཉམ་ཐོས་ཀྱི་དགེ་འདུན་གྱི་འཁོར་ཆད་མྱེད་པ་ཐོབ་པ་དང་། མྱུར་དུ་བྱང་ཆུབ་སེམས་དཔལ་འཁོམ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་ངས་མདོ་སྡེ་ཆོས་ཀྱི་ཕྱག་རྒྱ




iiif viewer powered by OpenSeadragon

246a - 247a

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo