| e-texts navigator |
| Wylie |
246a1 བཅས་ནས། ཕྱི་མ་མ་འོངས་པའི་དུས་སུ་ཤིན་ཏུ་ཟབ་མོའི་མདོ་སྡེ་ཆགས་པ་མྱེད་པའི་ཆོས་འདི་ལྟ་བུ་ཤིན་ཏུ་སྲུ་བཞི་འཛིན་པར་ཡི་དམ་བཅས་པ་མཐོང་ངམ། དགའ་བོ་བྱང་ཆུབ་སེམས་དཔལ་འདི་དག་ནི་སྐྱེ་བ་འདི་དག
246a2 ནི་སྐྱེ་བ་འདི་གཅིག་བུར་ཡི་དམ་འདི་ལྟ་བུར་བཅས་པ་མ་ཡིན་གྱི།། དགའ་བོ་ང་མངོན་པར་དྲན་ཏེ། བྱང་ཆུབ་སེམས་དཔའ་འདི་དག་གི་སངས་རྒྱས་ཚད་མྱེད་དཔག་ཏུ་མྱེད་པ་རྣམས་ལ་ཡང་ཡི་དམ་འདི་ལྟ་བུ་བཅས་ཏེ།། ཏུས་གསུམ་ཏུ
246a3 སངས་རྒྱས་དེ་དག་གི་ཆོས་ཀྱང་ཤི་ནང་ཏུ་བསྲུང་སྟེ། སེམས་ཅན་ཆད་མྱེར་དཔག་ཏུ་མྱེད་པ་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱས་སོ།། ང་ཡང་དུས་གསུམ་དུ་ངའི་ཆོས་ཀྱང་བསྒྲུབ་ཅིང་བསྲུང་བར་འགྱུར་ཏེ། ད་ལྟར་གྱི་དུས་དང་མྱ་ངན
246a4 ལས་འདས་པའི་འོག་ཏུ་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་སེམས་ཅན་ཆད་མྱེད་དཔག་ཏུ་མྱེད་པ་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ།། འཇིག་རྟེན་འཛིནད་བཟང་སྤྱོད་ལ་སྩོགས་པ་ཏུས་གསུམ་དུ་ངའི་ཆོས
246a5 བསྲུང་བར་མ་ཟད་ཀྱི་བསྐལ་པ་བཟང་པོ་ལ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱང་དུས་གསུམ་དུ་བསྲུང་ཞིང་འཛིན་པར་འགྱུར་རོ།། དེ་བཞིན་དུ། མ་འོངས་པའི་དུས་ཀྱི་སངས་རྒྱས་ཀྱི་ཆོས་འདི་ལྟ་བུ་དག་ཀྱང་བསྲུང
246a6 ཞིང་འཛིནད་པར་འགྱུར་རོ།། དགའ་ལོངས་སྐྱེས་བུ་དེ་དག་གི་ཡོན་ཏན་ཆ་དམྱེད་པ་ལྷུན་གྱིས་གྲུབ་པ་དང་སེམས་ཅན་ཆད་མྱེད་པ་རྣམས་ལ་ཕན་བ་དང་། བདེ་བའི་དོན་བྱས་པ་བཤད་ན་བརྗོད་ཀྱིས་མྱི་རྫོགས་སོ།།
246a7 དགའ་བོ་ངས་སྐྱེ་བོ་བུ་དེ་དག་གི་ཡོན་ཏན་ཀུན་བཤད་མ་སྐྱེ་བོ་དག་ཡིད་ཆེས་པར་མྱི་འགྱུར་རོ།། གལ་ཏེ་སྐྱེ་བོ་དག་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་པར་མ་གྱུར་མ། ཡུན་རིན་པོར་བདེ་བ་སྟོང་ནས་སྡུག་བསྔལ་མང་པོ་མྱོང་ཞིང་ངམ
246a8 སོང་དུ་ལྟུང་བར་འགྱུར་རོ།། དགའ་བོ་བྱང་ཆུབ་སེམས་དཔལ་ཁྱེད་ལས་སོགས་པ་ངས་སྐྱེས་བུ་དེ་དག་མྱུར་དུ་ཐམས་ཅད་མཁྱེནད་པའི་ཡེ་ཤེས་རྫོགས་པར་འགྱུར་བར་ལུང་བསྟནད་ཏོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ
246a9 སེམས་དཔའ་ཆེན་པོ་རྣམས་གང་ཞིག་མདོ་སྡེ་ཆོས་ཀྱི་ཕྱག་རྒྱ་འདི་འཆང་ངམ་འཛིན་ཏམ་ཀློག་གམ་འདོན་ཏམ་ཡིད་ལ་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་སྟོནད་ཅིང་འཆད་ན་སྐྱེས་བུ་དེ་རིང་པོ་མྱི་ཐོགས་པར་མྱུ་རབ་ཏུ་ཕུང་པོ།