| e-texts navigator |
| Wylie |
245b1 ངན་པར་གྱུར་པ་དེའི་ཚེ་མདོ་སྡེ་འདི་དག་ལས་སྩོགས་པ་ཤི་ནད་ཏུ་བསྲུང་ཞིང་བསྐྱབ་པར་བྱའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་བཟང་སྤྱོད་ལ་སྩོགས་པ་འདུག་པ་ལས་ལངས་ནས། བཅོམ་ལྡན་འདས་གང་ན་བར་ལོགས་སུ་ཐལ་མོ་སྦྱར།
245b2 ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཁ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་བདག་ཅག་གིས་ཡོང་སྡེ་འདི་དག་ལས་སྩོགས་པ་གསུངས་ཞིང་བསྐྱབ་པའི་ཕྱིར
245b3 བརྩོན་འགྲུས་ཤི་ནང་ཏུ་བསྐྱེད་དེ་ཀློག་པ་དང་འདོན་པ་དང་ཉན་པ་དང་འཛིན་པ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟནད་པར་འཚལ་ལོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སྟོང་དུ་མ་སྙེད་འདུག་པ་ལས་ལངས་ནས། བཅོམ
245b4 ལྡན་འདས་ག་ལ་བ་ལོགས་སུ་ཐལ་མོ་སྦྱར་ནས་མྱིག་མྱི་འཛུམས་པར་ལྟ་ཞིང་འདི་སྐད་དུ་ཡིད་དམ་བཅས་སོ།། བཅོམ་ལྡན་འདས་བདག་ཅག་གིས་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་འདི་ལྟ་བུ་ཤི་ནད་ཏུ་ཟབ་མོ་ཆགས
245b5 བ་མྱེད་པའི་མདོ་སྡེ་སངས་རྒྱས་ཐམས་ཅད་ཀྱིས་གནང་བ་བྱང་ཆུབ་སྟེ། མས་དཔའ་ཐམས་ཅད་ཀྱི་དགེ་བའི་ཡོན་ཏམ་སྐྱེ་བར་འགྱུར་བ་བྱང་ཆུབ་ས། མས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར
245b6 བ། བདག་ཅག་གིས་ཤིན་ཏུ་བསྲུང་ཞིང་འཛིན་པར་འཚལ་ལོ།། ཆོས་འདི་ཐོས་ནས་རྣམ་པར་དག་ཅིང་སེམས་རབ་ཏུ་དག་པར་གྱུར་ད་ཏེ། ཆོལ་ལ་དང་འཆང་བ་དང་འཛིན་པ་དང་། འདོན་པ་དང་། ཀློག་པ་ལ་ཤིན་ཏུ་བརྩོན
245b7 བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་བཞད་མོ་འཛུམ་པ་མཛད་པ་དང་། དེའི་ཚེ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་གཟེར་གྱིས་ཀུན་ཏུ་སྡང་བར་འགྱུར་ཏེ། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ
245b8 བ་དྲུག་ཏུ་གཡོས་སོ།། དེའི་ཚེ་མ་དགའ་བོ་འདུག་པ་ལས་ལངས་ནས་བླ་གོས་ཕྱོགས་ཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྦ་ང་ས་ལ་གཟུགས་ནས། བཅོམ་ལྡན་འདས་གང་ན་བའི་ལོགས་སུ་ཁལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།།
245b9 བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་ན་དེང་འདིར་བཞད་མོ་འདུམ་པ་མཛད་དེ། ས་ཆེན་པོ་ཡང་རབ་ཏུ་གཡོས་པར་གྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔལ་འདི་རྣམས་ཡི་དམ་ཆེན་པོ