e-texts navigator
Collection
Volume
Page
Wylie

245a1 སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡ་པ་ནི་རབ་ཏུ་མང་ངོ་།། འཇིག་རྟེན་འཛིན་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པ་བྱེད་ཀྱི་བར་དུ་གནས་པ
245a2 གྱུར་ད་ཏོ།། བཅོམ་ལྡན་འདས་ཆང་མྱེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ནས་དས་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་མ་འོག་མའི་ཕྱོགས་སངས་རྒྱས་ཀྱི་ཞིང་བཅུ་འདས་པའི་ཕ་རོལ་ནས་བྱང་ཆུབ་སེམས་དཔའ་ཅང
245a3 མྱེད་བློ་གྲོས་ཤེས་བྱ་བ་ཞིག་དེ་ནས་ཆེ་འཕོས་ཏེ་ཞིང་འདིར་སྐྱེས་ནས་ལོ་བཅུ་དྲུག་ལོནོད་པར་དང་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཆད་མྱེད་འོད་ཀྱི་ཡོན་ཏམ་རྒྱལ་པོའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་མ། བྱང་ཆུབ་སེམས་དཔའ་སེམས་དཔའ
245a4 ཆེན་པོ་རྣམས་རྣམ་པར་གྲོལ་བར་འགྱུར་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སྦྱོར་བའི་མདོ་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཚད་མྱེད་བློ་གྲོས་ཀྱིས་མདོ་སྡེ་འདི་ཐོས་ནས་བརྩོན་འགྲུས་ཆེན་པོ་བསྐྱེད་དེ་ཆོས་འདི་དག་གི་མཐར།
245a5 ཡང་ཕྱིན་ཅིང་སྦྱོར་བའི་མཐུ་ཤིན་ཏུ་ཟབ་མོ་དང་ལྡན་པར་གྱུར་པ་ཏོ།། བྱང་ཆུབ་སེམས་དཔལ་དེ་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེནད་ཀྱིས་དེ་ནས། ཚེ་འཕོས་ནས་སངས་རྒྱས་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ་ཆོས་འདི་དག་དང་ལྡན
245a6 བར་གྱུར་ཏེ། སྔོན་གྱི་གནས་ཀྱང་རྟག་ཏུ་དྲན་པས་གཞོན་ནུ་ནས་ར་རབ་ཏུ་བྱུང་སྟེ། ཚངས་པར་སྤྱད་པ་སྤྱོད་ཅིང་རྟག་ཏུ་དྲ་བའི་མཐུ་དང་ལྡན་བར་གྱུར་ཏོ།། གང་ནས་ག་དུ་སྐྱེས་པའི་གནས་ཀུན་ཏུ་ཆོས་འདི་ལྟ་བུ།
245a7 དང་མ་བྲལ་ཏེ།། སྐྱེ་བའི་གནས་ཐམས་ཅད་དུ་དྲན་པ་རྒྱུན་མྱི་འཆད་པ་དང་ལྡན་ཏེ། དེ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་མཚན་ཡང་ཚད་མྱེད་འོད་ཀྱི་བཀོད་པའི་རྒྱལ་པོ་ཞེས་བྱའོ།།
245a8 འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་ཏུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། ཐམས་ཅད་མཁྱེནད་པའི་ཡེ་ཤེས་ཡོངས་སུ
245a9 རྫོགས་པར་འདོད་པ་དག་ག་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལྔ་བརྒྱའི་ཐ་མ་ལ་ཤི་ནད་ཏུ་བརྩོན་འགྲུས་རྩོམ་ཞིང་ཡིད་དམ་ཆེན་པོ་བསྐྱེད་ནས་མོས་པ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། བག་བྱེད་པ་ཆེན་པོ་བསྐྱེད་དེ་ཕྱི་མའི་དུས




iiif viewer powered by OpenSeadragon

244b - 245b

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo