| e-texts navigator |
| Wylie |
244b1 ཏ་ལ་དེ་དག་གི་ཕྱོགས་བཞིན། གསུང་གི་ཤིང་དང་མེ་ཏོག་གི་ཤིང་གིས་བསྐོར་ཅིང་བརྒྱན་ཏོ།། ཤིང་དེ་དག་རེ་རེའི་འོག་མ་ཡང་རྫིང་བུ་རེ་རེ་སྟེ་ཡོན་ཏན་བརྒྱད་དང་ལྡམ་པའི་ཆུས་ཡོངས་སུ་གང་ངོ་།། བརྫིང་བུ་དེ་དག་ཀྱང་ཤེས
244b2 དངས་སྦགར་བ་དང་། མུ་ཏིག་དམར་པོ་ལས་བྱས་པ་ཆུ་དེ་དག་གི་སྟེང་ན་པད་མ་སྦོན་པོ་དང་། དམར་པོ་དང་དཀར་པོ་དང་ལེབ་རྐན་གྱིས་ཡོངས་སུ་ཁེངས་ཏེ། རྫིང་དེ་རྣམས་ཀྱི་འགྲམ་ཡང་རིམ་པོ་ཆེ་སྣ་བདུམ་ལས་བྱས་སོ།། འཛག།
244b3 རྟེན་འཛིན་སངས་རྒྱས་ཀྱི་ཞིང་དེ་ནི་དེ་ལྟར་རིན་པོ་ཆེ་མང་པོས་ཡོངས་སུ་བརྒྱར་ཏེ། འཇིག་རྟེན་གྱི་ཁམས་དེའི་ཕྱོགས་བཞི་མ། གཞན་ཡང་སུམ་བཅུ་རྩ་གསུམ་གནམ་གྱི་ལྷ་རྫས་ཀྱི་ཞིང་པ་ལི་ཙི་ཏྲ་དང་། ཀོ་བྱི་ང་ར་སྟོང་ཕྲག་ཏུ་མ
244b4 འཇིག་རྟེན་གྱི་ཁམས་དེའི་མཐའ་ཡོངས་སུ་བསྐོར་ཏོ།། རིན་པོ་ཆེའི་ཞིང་དེ་དག་གི་འོད་གཟེར་གྱིས་ཉི་མ་དང་ཟླ་བ་དང་། སྐར་མའི་འོད་ཐམས་ཅད་མྱི་སྣང་བར་ཟིལ་ཀྱིས་མནན་ཏོ།། འཇིག་རྟེན་འཛིན་འཇིག་རྟེན
244b5 གྱི་ཁམས་དེའི་ཤིང་ཏ་ལ་དང་རིན་པོ་ཆེའི་དྲ་བར་ཀུན་ནས་སྣ་ཚོགས་ཀྱི་སྒྲ་ད་བྱངས་དམ་པ་ཇི་ལྟར་ལྷ་རྣམས་ཀྱིས་གྲུ་དང་བསྟོད་པའི་དབྱངས་ལྟ་བུ་རང་འབྱུང་སྟེ་རྟག་ཏུ་འདི་ལྟ་བུལི་དབྱངས་ཤི་ནད་ཏུ་སྙན་པ་གྲག་གོ།། ངན
244b6 སོརང་གསུམ་མྱེད་དེ། ངན་སོང་གསུམ་གྱི་མྱིང་ཙམ་ཡང་མྱི་གྲག་གོ།། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཆད་མྱེད་འོད་ཀྱི་ཡོན་ཏན་རྒྱལ་པོས་སེམས་ཅན་རྣམས་ལ་ཆོས་འདི་དག་རྒྱས་པར་གསུངས་སོ།། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ
244b7 རོལ་ཏུ་ཕྱིནད་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་སེམས་ཅན་ཐམས་ཅད་ཤི་ནད་ཏུ་དགའ་བར་འབྱེད་པ་ཞེས་བྱ་བ་སྟོནད་ཏོ།། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མྱད་འོད་ཀྱི་རྒྱལ
244b8 པོ་ཆོས་སྟོན་པའི་ཚེ་ཉིན་ཞག་གཅིག་ལ་ཡང་སེམས་ཅན་ཆད་མྱེད་པ་ཁྲི་ཕྲག་བརྒྱ་སྟོང་སྙེད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཚོ་གས་ཡོངས་སུ
244b9 རྫོགས་པར་འགྱུར་རོ།། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཅད་མྱེད་འོད་ཀྱི་ཡོན་ཏན་རྒྱལ་པོས་དེ་ལྟར་སེམས་ཅན་ཆད་མྱེད་དཔག་ཏུ་མྱེད་པ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨྱིནད་པར་བྱས་སོ