e-texts navigator
Collection
Volume
Page
Wylie

244a1 དཔའ་སེམས་དཔའ་ཆེན་པོ་རྣམས་ཤིནད་ཏུ་བརྩོན་འགྲུས་བསྐྱེད་དེ། སྦྱོར་བའི་སྟོབས་བསྐྱེད་ཀྱང་ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་རྟོག་ཅིང་འཇིག་རྟེན་གྱི་བདེ་བ་ལ་མྱི་གནས། འཇིག་རྟེན་གྱི་ཆོས་དང་འདྲེས་པར
244a2 མྱི་སྤྱོད་དོ།། དེ་ལྟ་བུའི་ཆོས་དང་ལྡན་པས་ན་མྱུར་ཏུ་ཆོས་རྣམས་ཀྱི་ཡང་དག་པ་ཉིད་ལ་མཁས་པར་འགྱུར་ཞིང་ཆོས་རྣམས་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིནང་ཏུ་མཁས་པ་དང་། དྲན་པའི་མཐུ་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་རྣམ
244a3 གྲངས་འབྱེད་པ་ལ་མཁས་པའི་ཤེས་རབ་ཐོབ་པ་དང་། ལུས་འདི་འཕོས་ནས་ཀྱང་རྒྱུན་མྱི་ཆད་པའི་དྲན་པ་དང་ལྡན་ཞིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛི་ནད་དེ་བས་ན་བྱང།
244a4 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་དག་གི་ཕ་རོལ་ཏུ་ཕྱིནད་པར་འདོད་པ་དག་ཆོས་འདི་ཇི་ལྟར་བསྟནད་པ་བཞིན་དུ་ཡོངས་སུ་བ་སྙོམས་པར་བྱའོ།། འཇིག་རྟེན་འཛིནད་ཁྱེད་ཀྱིས་ཆོས་འདི་ལ་ཤི་ནད་ཏུ།
244a5 བརྩོན་པར་བསྒོམས་ན་རིང་པོ་མྱི་ཐོགས་པར་ཆོས་འདི་ལ་ཐོགས་པ་མྱེད་པ། འི་ཡེ་ཤེས་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་ང་སྔོན་འདས་པ། འི་བསྐལ་པ་ཆད་མྱེད་དཔག་ཏུ་མྱེང་བསམ་གྱིས་མྱི་ཁྱབ་གྲངས་མྱེད་པ
244a6 འདས་པ་དེའི་ཚེ་དེའི་དུས་ན་ཆད་མྱེད་ཡོན་ཏན་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེ་བ་ཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེནད་པ་དང་། ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་རིག
244a7 པབླ་ན་མྱེད་པ་སྐྱེས་བུ། འདུལ་ཞིང་ཁ་ལོ་སྦྱར་བ་ལྷ་དང་མྱིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེ་མདུ་མངོན་པར་བྱུང་ངོ་།། བཅོམ་ལྡན་འདས་ཆད་མྱེད་འོད་ཀྱི་ཡོན་ཏན་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་ད་པ་གཅིག་གོ།
244a8 སངས་རྒྱས་དེའི་ཞིང་ཡང་རིན་པོ་ཆེ་སྣ་བཙུན་གྱི་ཐབས་བླ་རེས་བྲེས་སོ།། རིན་པོ་སྣ་བདུས་ཀྱི་ཞིང་ཏཱ་ལའ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་བརྒྱན་ཏོ།། ཤི་ཏ་ལ་དེ་དག་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་བླ་རེ་བྲེས་ཏེ། ཤི
244a9 དེ་དག་རེ་རེའི་འོག་མ་ཡང་སེང་གེའི་ཁྲིའི་མེ་སྟེ། ཤིང་ཏ་ལ་དེ་དག་ཀུན་ལས་ལྦའི་མམ་ཐལ་རབ་སྐྱེའོ།། སེང་གེའི་ཞི་དེ་དག་ཀྱང་རིན་པོ་ཆེ་བེ་ཧུ་རྩ་དང་འངས་བུ་མུ་ཀྲུང་གི་གསེམ་དང་། མུ་ཏིག་དམར་པོ་ལས་བྱས་པའོ།། ཤིང




iiif viewer powered by OpenSeadragon

243b - 244b

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo