e-texts navigator
Collection
Volume
Page
Wylie

243b1 ཀྱང་རྒྱུན་མྱི་ཆད་པའི་དྲན་པ་དང་ལྡན་པ་དང་། ཆོས་ལ་ཕྱིར་མྱི་ལྡོག་པ་ནས། ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔལ
243b2 ཆེན་པོ་རྣམས་གཟུངས་ཀྱི་སྒོར་ཞུགས་པས་ན། ཅི་དང་ཅི་ལྡན་པ་དེའི་རྒྱུ་དང་རྐྱེནད་ཀྱི་ཆོས་ཐམས་ཅད་རྟོགས་ཏེ། རྒྱུ་དང་རྐྱེ་ནདང་གཅིག་གིས་རྒྱུ་དང་རྐྱེནང་སྟོང་པ་ལ་འཇུག་ཅིང་ཤེས་རབ་ཀྱི་རྗེས་སུ་ཆོས་ཐམས་ཅད་ལ་སྦྱོར་བ་ཡང་ཐོབ་བོ།།
243b3 འཇིག་རྟེན་འཛིནད་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཆོས་ལ་བརྩོན་འགྲུས་བསྐྱེད་པས་མཚན་ཉིད་གཅིག་པའི་སྒོའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ།། མཚན་ཉིད་གཅིག་པའི་སྐོལ་ཏིང་ངེ་འཛིན
243b4 ཐོབ་ནས་མཚན་ཉིད་ཚད་མྱེད་པའི་ཏིང་ངེ་འཛིན་ལ་འཇུག་གོ།། དེ་ལྟ་ར་ཞུགས་ནས་རྣམ་པ་སྣ་ཚོགས་ཀྱི་རྒྱུ་དང་རྐྱེནད་དང་ཐབས་ཀྱིས་ཆོས་ཐམ་ས་ཅད་ཀྱི་སྒོར་འཇུག་གོ།། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆོས
243b5 ཐམས་ཅད་ཀྱི་སྒོར་ཞུགས་པས་ཆོས་ཐམས་ཅད་ལ་སྦྱོར་བ་ཐོབ་པར་གྱུར་ད་ཏོ།། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་མང་དུ་བསྒོམས་པས། བསམ
243b6 གཏན་གྱི་མཚན་ཉིད་ལ་ཤིནད་ཏུ་མཁས་པ་དང་། དམྱིགས་པ་མྱེད་པའི་ཏིང་ངེ་འཛིན་ཤི་ནད་ཏུ་མཁས་པར་འགྱུར་རོ།། དེ་ལྟར་ཏིང་ངེ་འཛིན་དེའི་ཤུགས་ཀྱིས་དམྱིགས་པ་ཚད་མྱེད་པ་དང་། ཏིང་ངེ་འཛིན་པ་ལས་ལྡང
243b7 བ་ཆད་མྱེད་པ་ལ་མཁས་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ས་འདི་ལ་གནས་ན་ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་ལ་སྦྱོར་བ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིནད་གཞན་ཡང་བྱང་ཆུབ་སེམས་དཔའ་སེཾས
243b8 དཔའ་ཆེན་པོ་རྣམས་རྟག་ཏུ་འཇིག་རྟེན་ལ་དམྱིགས་པའི་ཐབས་ལ་རྟོག་པ་དང་། འདུས་བྱས་ཀྱི་ཆོས་ལ་དམྱིགས་པ་ལ་རྟོག་པ་དང་། གཞན་ཡང་ཆོས་ཐམས་ཅད་ལ་དམྱིགས་པའི་ཁབས་རྣམ་པར་འཇིག་པ་ལ་བརྩོམ་པ་ཡིནན།
243b9 ཏན་བྱེད་དེ། དེ་ལ་ཆགས་པའི་གནས་ཀྱང་མྱེད་དོ།། བྱང་ཆུབ་སེམས་དཔལ་དེ་ལྟར་ཆོས་དེ་ལ་བསྒོམས་པས་ཆོས་ཐམས་ཅད་ཀྱི་ཡང་དག་པར་སྦྱོར་བ་མྱུར་ཏུ་ཐོབ་པར་འགྱུར་རོ།། འཇིག་ཉེར་འཛིན་གཞན་ཡང་བྱང་ཆུབ་འོ།།




iiif viewer powered by OpenSeadragon

243a - 244a

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo