| e-texts navigator |
| Wylie |
243a1 མང་དུ་ཟོས་པ་ལ་བརྩོན་ཞིང་བཟོད་པ་ལ་བདེ་བར་གནས་པས་མྱུར་ཏུ་ཆོས་རྣམ་པ་བཞི་དང་ཕྲད་པར་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། འཛམ་བུ་གླིང་གི་དབུས་སུ་སྐྱེ་བ་དང་། སངས་རྒྱས།།
243a2 དང་ཕྲད་པ་དང་ཆོས་ཀྱི་རྗེས་སུ་སྤྱོད་པ་དང་སྡིག་པའི་ལས་ཀྱི་སྒྲིབ་པ་སེལ་བར་འགྱུར་རོ།། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་ལ་ཤི་ནད་ཏུ་བརྩོན་པ་དག
243a3 ནི་སྦྱིན་པའི་སྟོབས་རྣམ་པར་དག་པར་འགྱུར་བ་དང་ཚུལ་ཁྲིམས་རྣམ་པར་དག་པ་དང་། བཟོད་པ་རྣམ་པར་དག་པ་དང་། བརྩོན་འགྲུས་རྣམ་པར་དག་པ་དང་། བསམ་གཏན་རྣམ་པར་དག་པ་དང་། ཤེས་རབ་ཀྱི་སྟོབས
243a4 རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་ལ་གནས་ན་དེ་ལ་སྦྱོར་བའི་སྟོབས་མྱུར་ཏུ་ཐོབ། པར་འགྱུར་རོ།། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ
243a5 སེམས་དཔའ་ཆེན་པོ་རྣམས་སྦྱངས་པའི་ཡོན་ཏན་གྱི་ཆོས་ཕྲ་མོ་སྤྱོད་ཀྱང་སེམས་ཅན་དག་ལ་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་ནོ།། དེ་ལྟར་སྙིང་རྗེ་ཆེན་པོའི་སེམས་ལ་ཞུགས་པས་ཆོས་དེ་དག་གི་སྦྱོར་བ
243a6 ལ་ཤི་ནད་ཏུ་བརྩོན་པར་འགྱུར་རོ།། འཇིག་རྟེན་འཛིན་གཞན་ཡ་དབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་ལྟ་བུ་དག་ཐོབ་པར་འདོད་པ་དག་གཟུངས་ཀྱི་སྒོར་འཇུག་པ་ལ་ཤི་ནད་ཏུ་བརྩོན་པར་བྱའོ།
243a7 དེ་ལ་གཟུངས་ཀྱི་སྒོར་འདུག་པ་ལ་བརྩོན་པ་གང་ཞེན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རྐྱེ་མ་ཚད་མྱེད་པ་ལ་རྟོག་པ་དང་ཆང་མྱེད་པ་ཐམས་ཅད་ཀྱི་རྟོག་པ་ལ་སྩོར་པ་དང་ལྡན་པའི་སྡོམ་པ་ཡང་བྱེད་པ་ལ་རྟོག་པའོ།། ད་ལྟར་བྱུང
243a8 བའི་ཚེ་ཏིང་ངེ་འཛི་ནད་ཀྱི་སྒོར་སྦྱོར་བས་ཆོས་ཐམས་ཅད་ཀྱི་སྒོ་ཚད་མྱེད་པའི་རྐྱེན་ལ་འཇུག་པ་དང་། ཚད་མྱེད་པའི་སྦྱོར་བས་ལྡང་བའི་འཇུག་པ་དེ་ལྟ་བུའི་མཐུ་དང་ལྡན་པས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་ལ་ཤི་ནང་ཏུ་མཁས
243a9 པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤི་ནད་ཏུ་མཁས་པ་དང་། དྲན་པའི་མཐུ་དང་ལྡན་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་ཤི་ནད་ཏུ་མཁས་པའི་ཤེས་པ་དང་ལྡན་པ་དང་། ལུས་འཕོས་ནས