| e-texts navigator |
| Wylie |
242b1 འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ངས་པའི་ཆོས་བསྐལ་པ་གཅིག་གི་བར་དུ་གནས་པར་གྱུར་ཏོ།། བསྐལ་པ་པ་གཅིག་ལ་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་མྱིའི་ནབ་ཏུ་སྐྱེ་ཞིང་རབ་ཏུ་བྱུང་ནས། ཆོས་ཐམས་ཅད་ཀྱི་ཡང་དག་པ
242b2 ཉིད་བསྐྱེད་ཅིང་འཕེལ་བར་བྱེད་དོ།། གཞམ་ས་པ་སེམས་ཅན་ཆང་བྱེད་དཔག་ཏུ་མྱེད་པ་སེམས་ཅན་ལ་ཕམ་པ་དང་། བདེ་བའི་དོན་བྱས་སོ།། འཇིག་རྟེན་འཇིམ་བྱང་ཆུབ་སེམས་དཔལ་རིམ་ཆེར་འོད་དེ་བཞིམ་བྱམ་པར་གྱིས་སངས་རྒྱས
242b3 ཁྲི་ཕྲག་ཏུ་མ་དང་ཕྲད་ནས་ཐ་མ་སངས་རྒྱས་ཚད་མྱེད་འོད་ཀྱིས་ལུང་བསྟནད་པ་བསྐལ་པ་གྲངས་མྱེད་པ་འདས་ནས་གདོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟནད་པར་འགྱུར་རོ།། བསྐལ་པ་གྲངས་མྱེད་པ
242b4 དེ་ཉིད་ཀྱི་ཆེ་ན་ཡང་སངས་རྒྱས་ཁྲི་ཕྲག་ཁྲག་ཁྲིག་བརྒྱ་སྟོང་དང་ཕྲད་དེ་དེ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར། འཆང་རྒྱ་སྟེ། དོན་ཐམས་ཅད་གདོན་མྱི་ཟ་བའི་རྒྱན་ཞེས་བྱ་བ་དེ་དེ་བཞི
242b5 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེ་ནད་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་རིག་པ།། བླ་ན་མྱེད་པ་སྐྱེས་བུ་འདུལ་བ་ཁོ་ལོ་སྒྱུར་བ་ལྦ་དང་མྱིའི་སྟོན
242b6 པ་སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་འཁོར་ཚད་མྱེད་དཔག་ཏུ་མྱེད་དོ།། ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཡང་གྲངས་མྱེད་དེ། སངས་རྒྱས་དེའི་ཚེའི་ཚད་ཀྱང་བསྐལ་པ་གཉིས་ཏེ། སངས་རྒྱས་དེའི
242b7 ཞིང་རབ་ཏུ་བདེ་བ་དང་ལྡན་ཞིང་རྒྱན་དམ་པས་ཤིན་ཏུ་བརྒྱ་ནང་ཏོ།། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཆོས་དེ་དག་གི་སྦྱོར་བ་ལ་ཤི་ནད་ཏུ་མཁས་པར་འདོད་པ་དག་ཤི་ནད་ཏུ་བརྩོན་འགྲུས་སུ་ཆོས་འདི་དག་ལ་བསླབ
242b8 པ་དང་འདོན་པ་དང་ནན་ཏན་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དེ་དག་ལ་སྦྱོར་བ་ཐོབ་པར་འདོད་པ་དག་ཆོས་རྣམ་པ་བཞི་ལ་ཤི་ནད་ཏུ་བརྩོན་པར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ།
242b9 ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་འབྱུང་བ་དང་། གཅིག་པུ་གནས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། ལེ་ལོའི་སེམས་ཡོངས་སུ་གསལ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམ་པ་དེ་བཞིན་དང་ལྡན་པས