| e-texts navigator |
| Wylie |
188a1 བསྐལ་པ་ཁྲིའི་བར་དུ། སངས་རྒྱས་སྟོང་ཕྲག་གཉིས་དང་ཕྲད་ནས། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་ཏེ།། བསྐལ་པ་གཅིག་ལ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར
188a2 སངས་རྒྱས་སོ།། འཇིག་རྟེན་འཛིནད་དེ་བས་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་རྣམ་པར་དག་པའི་ཡེ་ཤེས
188a3 ཀྱི་སྟོབས་ལ། དེ་ལྟར་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་བསྐྱེད་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིནད་སངས་རྒྱས་རྣམས་ཀྱི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང
188a4 ཆུབ་ཐོབ་པའི་རྩ་བ་ནི། མོས་པ་དང་བརྩོན་འགྲུས་དང་། བག། བྱེད་པ་དང་། གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པའི་ཆོས་གང་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་བྱེད་པ་རྣམས་སོ།།
188a5 འཇིག་རྟེན་འཛིན་ངས་དེ་ལྟ་བུའི་བརྩོན་འགྲུས་ཀྱིས། སངས་རྒྱས་ཀྱི་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། སངས་རྒྱས་དེ་དག་གི་ཆོས་ཀྱང་སྐྱེ་བོའི་གནས་ཐམས་ཅད་དུ་དྲན་པ་དང་ལྡན་པར་གྱུར
188a6 སྐྱེ་བའི་གནས་ཐམས་ཅད་ཏུ་སྔོན་གྱི་གནས་དྲན་པས། ཆོས་འདི་བསྒོམ་པ་ལ་བར་ཆད་མྱེད་དེ། ངས་མོས་པ་དང་། བརྩོན་འགྲུས་དང་བག་བྱས་པ་ལས་མ་ཉམས་པས་རྟག་ཏུ་མོས་པ་དང་བརྩོན་འགྲུས
188a7 དང་བག་བྱེད་པ་དང་། ལྡན་པར་གྱུར་ད་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཐུགས་རྗེ་དང་བྱམས་པ་ཆེན་པོའི་ཐུགས་ཀྱིས་ཕྱོགས་བཞིར་གཟིགས་ནས།། མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་མཐུ་བསྟན་ཏོ།། སྟོང་གསུམ
188a8 གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་ཀུན་ཏུ་སྤྲུལ་པའི་སངས་རྒྱས་དག་བཞུགས་ཤིང་། སེམས་ཅན་རྣམས་ལ། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་། སེམས་ཅན་ཐམས་ཅད་ཀྱིས་ས
188a9 མགུ་བར་བྱེད་པའི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་སྟོནད་པར་གྱུར་ད་ཏོ།། གཞན་ཡང་རྫུ་འཕྲུལ་གྱི་མཐུས། འོད་མའི་ཚལ་གྱིས་འཁོར་གྱི་དཀྱིལ་འཁོར་ཀུན་ཀྱང་།། སྤྲུལ་པའི་སངས་རྒྱས་ཀྱིས་འཇམ