| e-texts navigator |
| Wylie |
187b1 ཆུབ་སེམས་དཔའི་རྣམ་པར་དག་པའི་ཡེ་ཞེས་ཀྱི་སྟོབས་བཤད་པ་ཐོས་ནས། འདི་ལྟ་བུའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་གྱུར་ཏོ།། འདི་ལྟ་སྟེ་ནམ་འཚོའི་བར་དུ་འདུག་པའི་སེམས་མྱི་སྦེད་པ་དང་།། ནམ་མཚོལ་བ་རཏྣ།
187b2 ཀོས་སུ་འདུ་ཤེས་པ་མྱི་སྦེད་པ་དང་། རམ་འཚོའི་བར་དུ་བདག་ཏུ་འདུ་ཞེས་པ་དང་། སེམས་ཅན་ཏུ་འདུ་ཤེས་པ་དང་། སྨྲས་པ་དང་བུད་མྱེད་ཏུ་འདུ་ཞེས་པ་གྱི་སྤྱད་པ་དང་། ནམ་འཚོལ་བར་དྷ་ཟས་མབ་ཏུ་མྱིལ་ཞིང་། འདི
187b3 ལྟ་བུའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་དོ།། བརྩོན་འགྲུས་ལ་བར་དུ་འབད་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེན་ཀྱིས་ཚེ་འཕོས་ནས་ཐམས་ཅད་ཤ་ཕྱོགས
187b4 སུ་སངས་རྒྱས་ཀྱི་ཞིང་འདི་ནས་ཁྲི་ཕྲག་བཅུ་འདས་པའི་ཕ་རོལ་ཀྱི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ།། དེར་སྐྱེས་ནས་ཆོས་དེ་ལ་ནན་ཏན་བྱས་པས། རིང་པོ་མ་ཐོགས་པར་སྔོན་གྱི་གནས་དྲན་ཏེ།། དབང
187b5 པོ་རྣོན་པོར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་ན་ཚད་མྱེད་པའི་མེ། ཏོག་བརྩེགས་པའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ། འཚོ་སྐྱོང་ཞིང་ཆོས་ཀྱང་སྟོནད་ཏོ།། བྱང་ཆུབ
187b6 སེམས་དཔའ་དེ་དག་ལོ་བཅུ་དྲུག་ལོན་ནས།། བཅོམ་ལྡན་འདས་ཚད་མྱེང་བའི་མེ་ཏོག་བརྩེགས་པའི་རྒྱལ་པོ་ལ་བསྟན་པ་ལ་རབ་ཏུ་བྱུང་སྟེ། ལོ་ཁྲི་ཕྲག་དྲུག་ཅུའི་བར་དུ་གཞོན་ནུར་ཚད་ཚངས་པར་སྤྱད་པ་སྤྱོད
187b7 ཅིང་། དེ་ལྟ་བུའི་བརྩོན་འགྲུས་དང་ནན་ཏན་བྱེད་དོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔལ་ལྔ་བརྒྱ་པོ་དེ་དག་ལྟར། དེ་བཞིན་གཤེགས་པ་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། བཅོམ་ལྡན་འདས་དེ་དག་གི་སྦྱང་ར་བརྩོམ
187b8 འགྲུས་ཤིན་ཏུ་བརྩམས་པས།། དྲན་པ་དང་བདེ་བ་དང་།། ཤེས་རབ་ཕུལ་ཏུ་གྱུར་པ་དང་། ལྡན་པར་གྱུར་ཏོ།། ཐ་མ་བཅོམ་ལྡན་འདས་ཅད་མྱེད་པ་སྟོབས་མཐོ་བའི་རྒྱལ་པོ་ཞེས་བྱ་བ་དང་ཕྲད་ནས།། བཅོམ་ལྡན
187b9 འདས་དེས་ལུང་བསྟན་པ་ཁྱེད་བསལང་བ་ཁྲི་འདས་ནས། བླ་མ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱལ་པོ་དེ་དག་ཀྱང