e-texts navigator
Collection
Volume
Page
Wylie

187a1 སྟོབས་འདི་བསྒོམ་པ་ལ་བརྩོན་པར་བྱས་ན་རིང་པོ་མྱི་ཐོགས་པར་ཡེ་ཤེས་དང་། ཤེས་རབ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ།། འཇིག་རྟེན་འཛིན་སྔོན་བསྐལ་པ་གྲངས་མྱེད་ཚད་མྱེད་པ
187a2 འདས་པ་དེའི་ཚེ་དེའི་བྱས་ན་བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་མཁྱེནད་པ་དང་། ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེ་རད་པ་བླ་ན་མྱེད་པ།། སྐྱེས་བུ
187a3 འདུལ་བའི་ཁ་ལོ་སྒྱུར་བ། ཝཱ་དང་མྱིའི་སྟོན་ལ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། འཇིག་རྟེན་འཛིནད་བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཆད་མྱེད
187a4 པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཚད་མྱེད་པ་ཡོད་དོ། དེ་ཡང་བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱི་རྒྱུ་དང་རྐྱེན་ཀྱིས་དབང་གྱིས་སོ།། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི
187a5 རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དེ་ནས་ངན་སོང་གསུམ་གྱི་མྱིང་ཡང་མྱི་གྲག་ཏེ། སེམས་ཅན་དེ་དག་ཀྱང་སྡུག་བསྔལ་ཡོ།། ད་བར་མྱི་ཚོར་ཞིང་མཐར་བདེ་བ་དང་། སྐྱིད་པ་ཕུན་སུམ་ཚོགས
187a6 པ་དང་ལྡན་པས་འདོད་པ་ཡོངས་སུ་སྤངས་པ་མང་སྟེ། སྒྲིབ་པལྔ་ཡང་རབ་ཏུ་བཅིལ་བ་ཤ་སྟག་གོ།། སེམས་ཅན་དེ་དག་དེ་ལྟ་ར་ཡོངས་སུ་དག་པའི་བདེ་བ་དང་ལྡན་པ་ནི། བསམ་གཏན་བཞི
187a7 བའི་བདེ་བ་ཐོབ་པ་བཞིན་ནོ།། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲི་ཕྲག་ཁྲག་ཁྲིག་སྙེད་།། དེའི་ཚེ་ན་འཇིག་རྟེན་དེའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པ་མཛད་དེ། དེ་མ་ཡིན
187a8 བའི་རྒྱལ་པོ་གཞན་མྱེད་པས། ཡུལ་དེའི་སེམས་ཅན་དག་བཅོམ་ལྡན་འདས་ལ་ཆོས་ཀྱི་རྒྱལ་པོ་ཞེས་བརྗོད་དོ།། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་དེ།། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས
187a9 ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་མགུ་བར་འགྱུར་བ་ཞེ་བྱ་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མོད་བསྟན་ཏོ།། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་བྱང




iiif viewer powered by OpenSeadragon

186b - 187b

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo