e-texts navigator
Collection
Volume
Page
Wylie

186b1 མོས་པ་དང་བརྩོན་འགྲུས་དང་། བག་བྱེད་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་པ་ནི་མྱུར་དུ་ཐམས་ཅད་མཁྱེནད
186b2 པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་ལས་ཕྱིར་མྱི་ལྡོག་པ་ཞེས་བྱའོ།། ཆོས་ལས་ཕྱིར་མྱི་ལྡོག་པ་ཞེས་བྱའོ།། ཡོན་ཏན་དེ་ཉིད་མྱུར་ཏུ་འཕེལ་ཞིང་སྐྱེ་བ་འང། འཐོབ་པར་འགྱུར་ལ་ཆོས་ཐམས་ཅད་ལ་རྣམ་པར
186b3 དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱང་མྱུར་བར་ཐོབ་བོ།། འཇིག་རྟེན་འཛིན་གང་ཟག་གང་ཞིག་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ཐོབ་པ་ནི། འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་ཞེས་བྱའོ།། གང
186b4 ཟག་དེ་ནི་ངའི་འོག་ཏུ་མཆོད་པའི་རྙེད་པ་ཞུ་བ་ཞེས་བྱའོ།། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱིས་གནས་སུ་ཕྱིནད་པ་ཞེས་བྱའོ།། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་ཆོས་རྟོགས་པ་ཞེས
186b5 བྱའོ།། གང་ཟག་དེས་རིང་པོ་མྱི་ཐོགས་པར་དེ་བཞིན་གཤེགས་པའི་ཡེ་ཤེས་ཆུད་པར་འགྱུར་རོ།། འཇིག་རྟེན་འཛིན་ང་སྔོན་པསྐལ་ད་པ་ཚད་མྱེད་གྲངས་མྱེད་པའི་བར་དུ། བྱང་ཆུབ་སེམས་དཔའི
186b6 སྤྱད་པ་སྤྱོད་པ་ན། སངས་རྒྱས་མར་མྱེ་མཛད་ཀྱིས། ང་ལ་ཁྱོད་བསྐལ་པ་གྲངས་མྱེད་པ་འདས་ནས་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏེ། ངས་དེའི་ཚེ་ཉིད་ན་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དེ་དག་ཀུན་ཤེས
186b7 བར་གྱུར་ཏོ།། འཇིག་རྟེན་འཛིན་གང་ཟག་གང་ཞིག་ཆོས་ཐམས་ཅད་ལ་དེ་ལྟ་བུའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་བ་ནི། གང་ཟག་དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོབ
186b8 ནི། ད་ལྟར་ངས་ཇི་ལྟར་ཐོབ་པ་བཞིན་ནོ།། གང་ཟག་དེས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་འང་།། ངས་ཇི་ལྟར་བསྐོར་བ་བཞིན་ནོ།། གང་ཟག་དེས་སེང་གེའི་སྒྲ་སྒྲོགས་པར་འགྱུར་བའང་ངས་ཇི་ལྟར་སེ་དགེའི་སྒྲ
186b9 སྔགས་པ་བཞིན་དོ།། གང་བག་དེས་རང་བཞིན་གྱི་ཆོས་ཐམས་ཅད་ལ་དབང་དང། སྟོབས་ཐོབ་པ་ཡང་ང་ལྟར་ག་པ་ཇི་ལྟ་བ་བཞིན་ནོ།། འཇིག་རྟེན་འཛིན་ཁྱོད་ཀྱིས་ཀྱང་རྔམ་པར་དག་པའི་ཡེ་ཞེས་ཀྱི




iiif viewer powered by OpenSeadragon

186a - 187a

Texts on this page

Ng19.5 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo